(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཡོངས་ཀྱི་རྒྱལ་དབང་ས་ཁོངས་ཐོན་ཁུངས་བྱ་བའི་ཚོགས་འདུ་གཙོས་སུ་ཚོགས། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། ཚོགས་ཐོག་ཏུ་ཁུལ་རྒྱལ་དབང་ས་ཁོངས་ཐོན་ཁུངས་ཅུས་ཀྱི་འགན་ཁུར་བས་བྱ་བའི་སྙན་ཞུ་ཕུལ། ནམ་མཁའ་སངས་རྒྱས་ཀྱིས་བསྟན་དོན། ན་ནིང་ལོར་ཁུལ་ཡོངས་ཀྱི་རྒྱལ་དབང་ས་ཁོངས་ཐོན་ཁུངས་མ་ལག་གིས་བྱ་བ་ཁག་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་འདེགས་སྐྱོར་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ཡང་དག་པའི་སྒོ་ནས་རྒྱུན་རྣམ་གསར་བའི་འོག་གི་རྒྱལ་དབང་ས་ཁོངས་ཐོན་ཁུངས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་བྱ་བའི་ཆོས་ཉིད་རྟོགས་ཐུབ་པ་བྱས་ནས། རྒྱལ་དབང་ས་ཁོངས་ཐོན་ཁུངས་སྲུང་སྐྱོང་བྱ་དགོས་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱ་བ་ཁག་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་བསྟན། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཁུལ་རྒྱལ་དབང་ས་ཁོངས་ཐོན་ཁུངས་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་དང་ཁའོ་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་གྲོས་ཚོགས་སུ་ཞུགས།།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཡོངས་ཀྱི་སྡོམ་རྩིས་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས། གྲོས་ཚོགས་ཀྱིས་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། 2015ལོའི་ཁུལ་ཡོངས་ཀྱི་སྡོམ་རྩིས་ཞིབ་བཤེར་བྱ་བར་ཕྱོགས་སྡོམ་བྱས། ད་ལྟའི་གནས་བབ་གསར་བར་དབྱེ་ཞིབ་དང 2016ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། ནམ་མཁའ་སངས་རྒྱས་ཀྱིས་སྡོམ་རྩིས་བྱ་བ་ནི་སྲིད་གཞུང་བྱ་བའི་གྲུབ་ཆ་གལ་ཆེན་ཡིན་པས། རྫོང་དང་གྲོང་ཁྱེར་སོ་སོ་དང་སྡེ་ཁག་སོ་སོས་སྡོམ་རྩིས་བྱ་བ་རང་ཉིད་ཀྱི་བྱ་བ་གལ་ཆེན་དུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་སྡོམ་རྩིས་བྱ་བའི་འཕེལ་རྒྱས་ལ་འཆམ་མཐུན་དང་བདེ་ཐང་ཡིན་པའི་ཕྱི་རོལ་ཁོར་ཡུག་ཅིག་བསྐྲུན་དགོས་པའི་ཐད་བླང་བྱ་བཏོན། རྫོང་དང་གྲོང་ཁྱེར་སོ་སོའི་རྫོང་དཔོན་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཡོངས་ཀྱི་ཆུ་དོན་ཆུ་གློག་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས། གྲོས་ཚོགས་ཀྱིས 2015ལོ་དང“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཆུ་བེད་བྱ་བར་ཕྱོགས་སྡོམ་བྱས་ཤིང་།“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”དུས་སྐབས་ཀྱི་ཆུ་བེད་འཕེལ་རྒྱས་བྱ་བ་དང 2016ལོའི་འོས་འགན་གཙོ་བོ་བཀོད་སྒྲིག་བྱས། ཚོགས་ཐོག་ཏུ། ཡིག་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཅུས་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། 2015ལོའི་རྫོང་དང་གྲོང་ཁྱེར་སོ་སོའི་ཆུ་བེད་བྱ་བའི་དམིགས་འབེན་འགན་འཁྲི་ཡི་གེའི་དཔྱད་ཞིབ་གནས་ཚུལ་ཁྱབ་བསྒྲགས་བྱས།།