འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ལིན་ཐན་རྫོང་གི་གནད་ཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་མཛད་སྐབས་སུ།
མང་ཚོགས་གཙོ་རྐང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱ་དགོས་ཞེས་ནན་གྱིས་བསྟན་པ།
藏文报
作者:
新闻 时间:2016年06月08日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 2ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཞིང་ཆེན་དམངས་ཆེན་མི་རིགས་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་མ་ཧྲའོ་ཆིན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པ་ཡུས་ཁྲའོ་ཡི་འགྲོ་རོགས་འོག ལིན་ཐན་རྫོང་བསྒྲུབས་རྒྱོ་ཤང་དུ་ཕེབས་ནས་གནད་ཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་མཛད། ཁོང་གིས་ལིན་ཐན་རྫོང་གིས་མང་ཚོགས་གཙོ་རྐང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱས་ནས། དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་འབྱུང་བར་འབད་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ། དྲུང་ཡིག་ཆེན་མོ་ཏུའུ་ཀེན་ཚུན་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་བསྒྲུབས་རྒྱོ་ཤང་ཀྲོའུ་ལིན་སྡེ་བའི་བྱ་རིགས་གསོ་སྤེལ་གཞི་སར་ཕེབས་ནས། ཡུལ་དངོས་སུ་ཞིང་བས་བྱ་རིགས་གསོ་བ་དང་ཐོན་སྐྱེད་བདག་གཉེར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་མཛད་རྗེས། བྱ་རིགས་གསོ་སྤེལ་གཞི་སའི་ཉེ་བའི་ལོ་འགའི་འབྲས་བུར་ཁས་ལེན་གང་ལེགས་མཛད་པ་དང་། གསོ་སྤེལ་གཞི་སའི་གོང་འཕེལ་གྱི་རིག་ལམ་ཡང་དག་ཡིན་ལ་མདུན་ལྗོངས་བཟང་བས། ཁོ་ཚོར་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཐོན་སྐྱེད་ཀྱི་འདུ་ཤེས་བསྒྱུར་བ་དང་གསོ་སྤེལ་གྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ཚན་རིག་གི་སྒོ་ནས་གསོ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐུལ་ལྕག་གནང་། ཀྲོའུ་ལིན་སྡེ་ཨུ་ཁང་ནས་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གིས་གནད་ཁེལ་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ཞུས་པར་གསན།
ཉིན་དེའི་ཕྱི་དྲོར། བསྒྲུབས་རྒྱོ་ཤང་སྲིད་གཞུང་དུ་གནད་ཁེལ་དབུལ་སྐྱོར་གྱི་བཞུགས་མོལ་གྲོས་ཚོགས་བསྡུས། ལིན་ཐན་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་བསྒྲུབས་རྐྱོ་ཤང་སྲིད་གཞུང་། འགོ་ནང་ཐང་གྲོང་རྡལ། མའོ་ཧྭ་ཧྲན་སྡེ་བ། ཀྲུང་ཀྲེ་སྡེ་བའི་འགན་ཁུར་བས་ཉེ་ཆར་གྱི་དབུལ་སྐྱོར་མཁྲེགས་གཏོར་དང་ཡིག་ཚགས་འགོད་པ་དང་བྱང་བུ་བཟོ་བ། ཡུལ་སྐོར་གསར་སྤེལ་སོགས་གཙོ་གནད་བྱ་བ་སོ་སོའི་འཕེལ་ཚུལ་གྱི་སྙན་ཞུ་ཕུལ།
སྙན་ཞུར་གསན་རྗེས་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་དེ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས། 《བསམ་འཆར》ལས་ཀྲུང་དབྱང་གིས་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་བྱས་ཡོད་ལ། རང་ཞིང་གི་ཉེ་བའི་ལོ་འགའི་དབུལ་སྐྱོར་གསར་སྤེལ་གྱི་ཉམས་མྱོང་རྩ་ཆེན་ཕྱོགས་སྡོམ་བྱས་ཏེ། ཕྱོགས་དྲུག་གི་ཐད་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་དང་བྱེད་ཐབས་སུམ་ཅུ་བཏོན་ཡོད་པ་དེར་ལིན་ཐན་རྫོང་གིས་སློབ་སྦྱོང་ནན་མོ་བྱེད་པ་དང་། 《བསམ་འཆར》གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། 《བསམ་འཆར》ལས་བཏོན་པའི་ལས་འགན་སོ་སོ་འགྲུབ་པར་འབད་པ་བྱ་དགོས་ལ། དབུལ་སྐྱོར་མཁྲེགས་གཏོར་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་པར་བརྩོན་དགོས་ཞེས་བསྟན།།