本版导航 各版导航 视觉导航 标题导航 以往报纸

སྡེ་བ་ཚང་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་བོད་བརྒྱུད་ནང་བསྟན་དགོན་པའི་ དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པ།

藏文报 新闻    时间:2016年06月08日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 2ཉིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྡེ་བ་ཚང་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཞིང་ཆེན་དགུ་གསུམ་སློབ་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་ལིའུ་ཞའོ་མའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཀན་སུའུ་སྤྱི་ཚོགས་ཚན་རིག་ཁང་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧོ་ཧྲུའུ་ཧྲེང་། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུའམ་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཡུང་ཨན་སོགས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
    སྡེ་བ་ཚང་འཁོར་དང་བཅས་པ་སྔ་གཞུག་ཏུ་བསང་ཆུ་རྫོང་དང་ཅོ་ནེ་རྫོང་། གཙོས་གྲོང་ཁྱེར་དུ་ཡོང་ནས་ཡུལ་དངོས་སུ་རྟོག་ཞིབ་མཛད་དེ། རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་ཁྲོད་དུ་གནས་པའི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་མཛད།
    དེའི་རྗེས་སུ་ཚོགས་པའི་བཞུགས་མོལ་གྲོས་ཚོགས་སུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་གྱི་གནས་ཚུལ་ཞུས་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱང་ཅི་ཅུན་གྱིས་བཞུགས་མོལ་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    ཁུལ་གྱི་འགོ་ཁྲིད་པ་ཀྲའོ་སི་པེ་དང་ཝང་ཁྲོན་ཧྭ། ཝང་ཡ་ནན། ཀྲའོ་ཧུང་ཚའེ། ཚེ་དགའ། དབྱང་ཞའོ་ནན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཨན་ཞུས་ལིན། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཏུང་ཀྲིན་གོ་བཅས་གྲོས་ཚོགས་སུ་ཞུགས།
    རང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་གསན་རྗེས། སྡེ་བ་ཚང་གིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཐད་ཀྱི་ཡུན་རིང་རྐྱེན་སྲོལ་འཛུགས་སྐྲུན་ཁྲོད་བླངས་པའི་འབྲས་བུར་ཁས་ལེན་གང་ལེགས་མཛད་ཅིང་། ཁོང་གིས་ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་དུ་བོད་བརྒྱུད་ནང་བསྟན་གྱི་གོ་གནས་ངོས་ཟིན་ཐོབ་ཚད་མངོན་གསལ་ཡིན་ལ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དང《ཆོས་ལུགས་ལས་དོན་སྲོལ་ཡིག》བྱེད་ཐབས་ཕྲ་ཞིབ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། ཁྲིམས་ལྟར་དོ་དམ་དང་སྤྱི་ཚོགས་དོ་དམ། དམངས་གཙོའི་དོ་དམ་དང་ཁོངས་གཏོགས་ས་ཆའི་དོ་དམ་གྱི་རྣམ་པ་ཕལ་ཆེར་གྲུབ་པས། ཏང་ཨུ་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་འགོ་ཁྲིད་གནང་བ་ཤུགས་དང་ལྡན་ལ། དགོན་པ་བཅའ་ཁྲིམས་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་དོ་དམ་ཕྱོགས་སུ་གོམ་པ་བརྟན་པོས་སྐུལ་འདེད་བཏང་འདུག་ཅེས་གསུངས།
    སྡེ་བ་ཚང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱ་རྒྱུ་དེ་བོད་བརྒྱུད་ནང་བསྟན་གོང་འཕེལ་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་བྱ་དགོས་པ་དང་། བརྟག་ཞིབ་ཟབ་མོ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། ཞན་ས་བཙལ་ནས་འབུར་ཐོན་འགལ་བ་དང་གནད་དོན་གལ་ཆེན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ལ། མི་གཞི་རྩ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་འཚོ་བར་དཀའ་ཁག་ཆེ་བའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཐུགས་ཁུར་བྱ་དགོས་པ་དང་། ཆོས་ལུགས་བྱ་བྱེད་དཔུང་ཁག་དང་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགོ་ཁྲིད་ཀྱི་འགན་ཐེག་ཚད་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་ཏེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་བཞུགས་མོལ་གྲོས་ཚོགས་སུ་ཞུགས།།