ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྟོག་ཞིབ་ཚན་ཁག་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་བྱས་པ།
藏文报
作者:
新闻 时间:2016年06月08日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 2ཉིན་ལ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྟོག་ཞིབ་ཚན་ཁག་རང་ཁུལ་དུ་ཡོང་ནས་མི་རིགས་ས་ཁུལ་གྱི་ཤེས་ཡོན་ཅན་སྲིད་ཞུགས་སྲིད་གླེང་བྱེད་ཚུལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས།
བཞུགས་མོལ་གྲོས་ཚོགས་སུ། རྟོག་ཞིབ་ཚན་ཁག་དང་རང་ཁུལ་གྱི་ཏང་ཕྱིའི་ཤེས་ཡོན་ཅན་གྱིས་ཤེས་ཡོན་ཅན་སྲིད་ཞུགས་སྲིད་གླེང་བྱེད་ཚུལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སོགས་ལ་གྲོས་བསྡུར་ཟབ་མོ་བྱས་པ་དང་། གསར་དུ་ཐོན་པའི་སྤྱི་ཚོགས་གནད་དོན་ལ་དམིགས་ནས་གྲོས་ཞིབ་ཞིབ་མོ་བྱས་པ་མ་ཟད། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བྱ་བ་སྔར་ལས་བཟང་བོ་བསྒྲུབ་པ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་གཞི་བཏོན།
རྟོག་ཞིབ་ཚན་ཁག་གིས་ཤེས་ཡོན་ཅན་དང་ལྷག་པར་དུ་ཏང་ཕྱིའི་ཤེས་ཡོན་ཅན་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། ཏང་ཕྱིའི་ཤེས་ཡོན་ཅན་ནི་ཏང་ཡོན་ཤེས་ཡོན་ཅན་དང་འདྲ་བར་ཏང་གིས་ཡུན་རིང་སློབ་གསོ་དང་སྐྱེད་སྲིང་བྱས་པ་བརྒྱུད་དེ་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། འཐབ་ཕྱོགས་ཁག་ཏུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་ཕྱིའི་ཤེས་ཡོན་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྤེལ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོས་མཁོ་ཡིན་ལ། ཏང་ཕྱིའི་མཉམ་འབྲེལ་ལ་ཤུགས་སྣོན་དང་དུས་སྐབས་གསར་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་མཁན་ཡིན་པས། ཏང་ཕྱིའི་ཤེས་ཡོན་ཅན་གྱིས་འཛུགས་སྐྲུན་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས་པར་བསྟན།།