本版导航 各版导航 视觉导航 标题导航 以往报纸

ཅོ་ནེ་རྫོང་གིས་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱས་པ།

藏文报 新闻    时间:2016年06月08日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱས་པ་ནས་བཟུང་། ཅོ་ནེ་རྫོང་གིས་བྱ་ཐབས་དང་ཁྲིམས་སྐྱོང་གི་བསམ་བློ་གནད་ལ་ཁེལ་བར་བྱས་ནས་སྒྲིག་བཅོས་བྱ་བ་སྤེལ།
    གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་རྩ་ལག་མཉམ་བཅོས་བྱས་པ། དམ་འཛིན་བྱ་མི་འདོད་པ་དང་འཛིན་མི་ཕོད་པ། བྱ་བ་མི་སྒྲུབ་པའི་གནད་དོན་དེར་ལས་བྱེད་པ་ནས་དམ་འཛིན་དང་ཀུན་སྤྱོད་བསྒྱུར་བ་ནས་འགོ་བརྩམས་ཏེ། འགན་ཁུར་བ་གཙོ་བོ 11ལ་འགན་འཁྲི་རྩད་གཅོད་བྱས་ཤིང་། སྡེ་ཚན 2ཀྱི་འགན་ཁུར་བ་གཙོ་བོར་རྫོང་ཡོངས་ཀྱི་ལས་བཟོ་བའི་ཚོགས་ཆེན་སྟེང་དུ་སྐྱོན་བརྗོད་ནན་མོ་བྱས། བྱ་ཐབས་སྲ་མཁྲེགས་སྤྱད་དེ་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཆད་ལུས་དེ“ལྔའི་བཅུ་གསུམ”གྱི་འཆར་འགོད་དུ་བཞག་ནས་ལས་གཞི་བརྒྱུད་དེ་ཐག་གཅོད་བྱེད་པར་བརྩོན་ལེན་བྱས་པ་དང་། གྲོན་དངུལ་ཐད་ཀྱི་གནད་དོན་སྔོན་ལ་འགན་ལེན་བྱས་ནས་སྟོབས་ཤུགས་གང་ཡོད་ཀྱིས་དོན་འཁྱོལ་བྱས། ཆེད་སྤྱོད་མ་དངུལ་སྒོར་ཁྲི 500ལྷག་གྲབས་གསོག་བྱས་ནས་གད་སྙིགས་བླུག་སྣོད་དང་ཁོར་ཡུག་གཙང་སྦྲའི་རླངས་འཁོར་གཅིག་བསྡུས་ཉོ་སྒྲུབ་བྱས་ཤིང་། ཁོར་ཡུག་གཙང་སྦྲ་མི་སྣའི་གླ་ཕོགས་ཇེ་མཐོར་བཏང་བས། ནུས་ལྡན་གྱིས་རྒྱུན་རྣམ་རང་བཞིན་གྱི་བྱ་བ་སྤེལ་བར་འགན་སྲུང་བྱས།
    ཁྲིམས་སྐྱོང་བསམ་བློའི་སྒྲིག་བཅོས་ལ་སྐུལ་སྤེལ་བྱས་པ།“སྒྲིག་བཅོས་དང་བསྐྱར་ལོག  ཡང་བསྐྱར་སྒྲིག་བཅོས་དང་སླར་ཡང་བསྐྱར་ལོག་བྱེད་པའི”ལམ་དུ་མི་འགྲོ་ཆེད། གྲོང་ཁྱེར་གྱི་རྣམ་པ་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་མ་རབས་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་བ་དང་ཆད་གཅོད་ནན་མོ་བྱས།།