ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་ གླེང་མོལ་ཚོགས་འདུ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ། འབྲུག་ཆུ་རྫོང་གིས་ རྫོང་ཡོངས་ཀྱི་ཏང་ ཡོན་ལ་ཏང་གི་སྒྲིག་ ཡིག་སྤྲད་ཅིང་ཏང་ རྟགས་བཀྲམས་པ། རྨ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་ བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ། 图片12 ལིན་ཐན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ། གསར་འགྱུར་ མདོར་བསྡུས། བྱིས་པའི་ཁྲག་ཚིལ་མཐོ་བའི་ནད་བརྟག་བཅོས་བྱ་དགོས།
本版导航 各版导航 视觉导航 标题导航 以往报纸

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་ གླེང་མོལ་ཚོགས་འདུ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ།

藏文报 新闻    时间:2016年06月08日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་གླེང་མོལ་ཚོགས་འདུའམ་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་ནས། ཁུལ་ཡོངས་ཀྱི་ཁྲིམས་ཁང་མ་ལག་གི་ལས་བགོས་འགན་གཉེར་གྱི་ལག་བསྟར་ཡོན་ཀྲང་གཞོན་པ་དང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་དང་ཁ་ཆད་གླེང་མོལ་བྱས། 
    གྲོས་ཚོགས་ཀྱིས་བསྟན་དོན། གནད་དོན་གཅིག་ཡོད་ན་གནད་དོན་དེ་ཉིད་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། དཀའ་ཁག་གཅིག་ཡོད་ན་དཀའ་ཁག་དེ་ཉིད་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ལོ་ངོ་གཉིས་ཡས་མས་ཀྱི་དུས་ཚོད་སྤྱད་ནས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གི་ལག་བསྟར་དཀའ་བའི་བྱ་བ་གཞི་རྩའི་སྟེང་ནས་ཐག་གཅོད་བྱ་དགོས། རྫོང་གྲོང་ཁྱེར་སོ་སོའི་གཞི་རིམ་གྱི་ཁྲིམས་ཁང་གིས་གྱོད་དོན་བརྒྱུད་རིམ་གྱི་ཆ་འཕྲིན་དོ་དམ་མ་ལག་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལག་བསྟར་བྱ་ཡུལ་དུ་གྱུར་བའི་མ་དངུལ་དང་དངོས་པོའི་ཆ་འཕྲིན་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་དགོས། དྲ་རྒྱའི་ཞིབ་བཤེར་ཚོད་འཛིན་མ་ལག་བརྒྱུད་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཡུལ་དུ་གྱུར་བའི་མི་སྣ་དང་དེའི་རྒྱུ་ནོར་ལ་ཞིབ་བཤེར་ཚོད་འཛིན་བྱས་ཏེ། ཁ་དན་ཚིག་ལ་མི་གནས་པ་དང་གོང་རིམ་གྱི་བཀོད་སྒྲིག་དོན་འཁྱོལ་ལེགས་པོ་མི་བྱེད་པའི་ལག་བསྟར་བྱ་ཡུལ་དུ་གྱུར་བའི་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཚོད་འཛིན་བྱ་དགོས། 
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་གཞི་རྩའི་སྟེང་ནས་ལག་ལེན་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པ་དེ་བྱ་བ་ཡོངས་ཀྱི་གཙོ་གནད་དུ་བཞག་ནས། ལག་ལེན་བསྟར་བའི་བྱ་བར་མི་ཤུགས་དང་དངོས་ཤུགས་ཀྱི་རྒྱབ་སྐྱོར་བྱེད་པ་སྔར་ལས་ཇེ་ཆེར་གཏོང་བ་དང་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ནུས་ལྡན་གྱི་ལག་བསྟར་རྣམ་པ་ཆགས་དགོས་ཞེས་བསྟན།།