ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་ གླེང་མོལ་ཚོགས་འདུ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ། འབྲུག་ཆུ་རྫོང་གིས་ རྫོང་ཡོངས་ཀྱི་ཏང་ ཡོན་ལ་ཏང་གི་སྒྲིག་ ཡིག་སྤྲད་ཅིང་ཏང་ རྟགས་བཀྲམས་པ། རྨ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་ བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ། 图片12 ལིན་ཐན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ། གསར་འགྱུར་ མདོར་བསྡུས། བྱིས་པའི་ཁྲག་ཚིལ་མཐོ་བའི་ནད་བརྟག་བཅོས་བྱ་དགོས།
本版导航 各版导航 视觉导航 标题导航 以往报纸

འབྲུག་ཆུ་རྫོང་གིས་ རྫོང་ཡོངས་ཀྱི་ཏང་ ཡོན་ལ་ཏང་གི་སྒྲིག་ ཡིག་སྤྲད་ཅིང་ཏང་ རྟགས་བཀྲམས་པ།

藏文报 新闻    时间:2016年06月08日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། འབྲུག་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་མ་དངུལ་སྒོར་ཁྲི 5ལྷག་གྲབས་གསོག་བྱས་ཏེ། 《ཏང་གི་སྒྲིག་ཡིག》གསར་བ 12500ལྷག་མངག་ཉོ་བྱས་ཤིང་། རྫོང་ཡོངས་ཀྱི་ཏང་ཡོན་རེ་ལ་ཏང་གི་སྒྲིག་ཡིག་རེ་སྤྲད་ཅིང་། ཏང་རྟགས 5000ལྷག་བགོས་སྤྲོད་བྱས་པ་མ་ཟད། ཏང་ཡོན་གྱིས་ཏང་རྟགས་འདོགས་སྐབས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།
    ཏང་ཡོན་རྣམས་ལ་ཏང་གི་སྒྲིག་ཡིག་གསར་བ་དང་ཏང་རྟགས་ཐོབ་རྗེས། ངེས་པར་དུ་ཏང་གི་སྒྲིག་ཡིག་བསྐྱར་ཀློག་ནན་མོ་བྱས་ཏེ་སྒྲིག་ཡིག་གི་བསམ་བློའི་ཉིང་བཅུད་དང་དགོངས་དོན་གཙོ་བོ་ཤེས་རྟོགས་ཐུབ་པར་བྱེད་ཅིང་།《ཏང་གི་སྒྲིག་ཡིག》ལ་བརྩི་སྲུང་ནན་མོ་བྱས་ཏེ། ཏང་ཡོན་གྱི་དབང་ཆ་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། ཏང་ཡོན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ལས་གནས་སུ་རྐང་བཙུགས་ཏེ་བྱས་རྗེས་གལ་ཆེན་འཇོག་པ། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་ཁས་བླངས་པའི་ཆེས་གཟི་བརྗིད་ལྡན་པའི་དམ་ཚིག་ལག་ལེན་ནན་མོ་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བསྟན།།