རྨ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་
བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ།
藏文报
作者:
新闻 时间:2016年06月08日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རྨ་ཆུ་རྫོང་གིས་ཁོར་ཡུག་གཙང་སྦྲའི་ཡོ་བྱད་འགྲེམ་གཏོང་བྱེད་པའི་མཛད་སྒོ་དང་ཕྱོགས་ཡོངས་ནས་ཁོར་ཡུག་གཙང་སྦྲར་ཉིན་བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི“བཙོག་ཟིང་ཞན”བཅས་ཀྱི་གནད་དོན་དངོས་ལ་གཞིགས་ཏེ། ཟླ 5བའི་ཚེས 20ཉིན་ནས་ཟླ 8པའི་ཚེས 30ཉིན་བར་དུ། ཉིན་བརྒྱའི་དུས་ཚོད་སྤྱད་དེ་ཏན་ཏིག་སྒོས་གྲོང་ཁྱེར་དང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་བརྒྱའི་མཉམ་འབྲེལ་སྒྲིག་བཅོས་ཆེན་མོ་བྱེད་པའི་བྱ་འགུལ་སྤེལ་ནས། ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་བྱ་འགུལ་ཁྲོད་དུ་གནས་པའི་གནད་དོན་ཁག་རྩ་བ་ནས་ཐག་གཅོད་བྱས་ཏེ། དུས་རིམ་རང་བཞིན་གྱི་དངོས་ཕན་དང་གྲུབ་འབྲས་ལེགས་པོ་འཐོབ་པར་བརྩོན་བཞིན་ཡོད།
ཐེངས་འདིའི་ཉིན་བརྒྱའི་མཉམ་འབྲེལ་སྒྲིག་བཅོས་ཆེན་པོའི་བྱ་འགུལ་གྱིས་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། དུས་བཅད་དང་དུས་བཅད་མ་ཡིན་པར་སྒྲིག་བཅོས་ཚན་ཆུང 4དང་། ཤང་དང་གྲོང་རྡལ(ར་བ)སོ་སོ། རྫོང་གྲོང་གི་ས་ཁུལ་སོ་སོའི་བྱ་བའི་འཕེལ་རིམ་དང་བྱ་བའི་གྲུབ་འབྲས། ལས་འགན་དོན་འཁྱོལ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་རྗེས་འདེད་བྱས་ཏེ་གྲུབ་འབྲས་རྩད་གཅོད་བྱས།
རྫོང་མཁར་དུ་སྒྲིག་བཅོས་ཚན་ཆུང 3བཙུགས་ཏེ། དྲིལ་བསྒྲགས་ཡིག་རིགས་འགྲེམ་སྤེལ་བྱས་པ་དང་། ཁྱིམ་ཚང་རེ་རེ་བཞིན“འགན་ལེན་གསུམ”གྱི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པའི་འགན་ཁུར་ཞིང་། གཞུང་གི་ས་ཆ་གང་བྱུང་དུ་བདག་འཛིན་བྱེད་པ་དང་གང་བྱུང་དུ་འཛུགས་སྐྲུན་བྱེད་པ། ཚོང་ཁང་གི་སྒོ་ཁ་མི་གཙང་བ། ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་བྱ་བར་གཞོགས་འདེགས་ལེགས་པོ་མི་བྱེད་པ་དང་། སྒྲིག་བཅོས་བྱ་བར་ཤུགས་རྐྱེན་བཟོས་པ་སོགས་ཀྱི་གནད་དོན་ཆེན་པོ་ཁག་གཙོ་གནད་དུ་བཟུང་ནས་སྒྲིག་བཅོས་བྱས།
ཤང་དང་གྲོང་རྡལ་དུ་སྒྲིག་བཅོས་ཚན་ཆུང 1བཙུགས་ཏེ། གཅིག་བསྡུས་སྒོས་གཞུང་ལམ་འགྲམ་ངོགས་ཀྱི་ཞིག་རལ་དུ་གྱུར་པའི་ལྕགས་དྲ་དང་ལྕགས་ར་རྙིང་བ། རྙིང་རལ་དུ་གྱུར་པ་དང་དགོས་མེད་ཀྱི་བརྡ་ཁྱབ་བྱང་བུ་བཅས་སྒྲིག་བཅོས་བྱས།།