ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་ གླེང་མོལ་ཚོགས་འདུ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ། འབྲུག་ཆུ་རྫོང་གིས་ རྫོང་ཡོངས་ཀྱི་ཏང་ ཡོན་ལ་ཏང་གི་སྒྲིག་ ཡིག་སྤྲད་ཅིང་ཏང་ རྟགས་བཀྲམས་པ། རྨ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་ བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ། 图片12 ལིན་ཐན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ། གསར་འགྱུར་ མདོར་བསྡུས། བྱིས་པའི་ཁྲག་ཚིལ་མཐོ་བའི་ནད་བརྟག་བཅོས་བྱ་དགོས།
本版导航 各版导航 视觉导航 标题导航 以往报纸

ལིན་ཐན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ།

藏文报 新闻    时间:2016年06月08日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)སྔར་ལས་ལྷག་པར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོར་འདེགས་སུ་གཏོང་ཆེད། ལིན་ཐན་རྫོང་གི་ཤང་དང་གྲོང་རྡལ་སོ་སོས་ཧུར་བརྩོན་སྒོས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་དང་བསམ་འཆར་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ། འཛུགས་སྐྲུན་གྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔེ་བལྟ་བྱེད་པ་དང་། མཉམ་གཅིག་ཏུ་ནུས་ལྡན་གྱི་འཛུགས་སྐྲུན་བྱ་ཐབས་ལ་དཔྱད་བསྡུར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་ཕན་ཚུན་ལ་སྣེ་ཁྲིད་བྱེད་པ་དང་ཕན་ཚུན་ལ་སྐུལ་འདེད་བྱས་ཏེ། མཉམ་དུ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད། 
    ཤང་དང་གྲོང་རྡལ་སོ་སོའི་འགོ་ཁྲིད་ཀྱིས་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱེད་པའི་བྱ་འགུལ་གྱི་སྣེ་ཁྲིད་ཅིང་། སྡེ་བར་འགན་ལེན་བྱེད་པའི་འགོ་ཁྲིད་དང་སྡེ་བར་འགན་ལེན་བྱེད་པའི་ལས་བྱེད་པ། སྡེ་བའི“ཨུ་ཡོན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། འདེབས་གསོ་ལས་རིགས་ཀྱི་ཁྱིམ་ཚང་ཆེ་གྲས་བཅས་རྩ་འཛུགས་བྱས་ཏེ། མཚོན་བྱེད་རང་བཞིན་ལྡན་པའི 2015ལོའི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་བསྒྲུབས་རྒྱོ་ཤང་མིའོ་ཧ་ཧྲན་སྡེ་བ་དང་ཀོ་གྲོང་སྡེ་བ། གྲོག་རོང་ཤང་ར་རྒྱབ་སྡེ་བ། གཡང་ཡོང་ཤང་ལི་རྒང་སྡེ་བ་བཅས་སུ་ཕྱིན་ཏེ་ཡུལ་དངོས་ནས་སློབ་སྦྱོང་བྱས། ཡུལ་དངོས་སུ་འགྲེལ་བཤད་ལ་ཉན་པ་དང་དཔྱད་གཞིའི་རྒྱུ་ཆར་ལྟ་ཀློག་བྱས་པ་བརྒྱུད་ནས་འཛུགས་སྐྲུན་གྱི་བསམ་བློ་སློབ་སྦྱོང་བྱས་ལ། དེ་དང་ཆབས་ཅིག་ཏུ་མིག་སྔའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་ཁྲོད་གནས་པའི་གནད་དོན་ཁག་ལ་ལེགས་བཅོས་བྱ་དགོས་པའི་བསམ་འཆར་བཏོན།།