ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལག་བསྟར་དཀའ་བའི་བྱ་བ་ཐག་གཅོད་བྱེད་པའི་ཁ་ཆད་ གླེང་མོལ་ཚོགས་འདུ་དང་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ། འབྲུག་ཆུ་རྫོང་གིས་ རྫོང་ཡོངས་ཀྱི་ཏང་ ཡོན་ལ་ཏང་གི་སྒྲིག་ ཡིག་སྤྲད་ཅིང་ཏང་ རྟགས་བཀྲམས་པ། རྨ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཉིན་ བརྒྱའི་མཉམ་འབྲེལ་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ། 图片12 ལིན་ཐན་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཕན་ཚུན་ལ་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ། གསར་འགྱུར་ མདོར་བསྡུས། བྱིས་པའི་ཁྲག་ཚིལ་མཐོ་བའི་ནད་བརྟག་བཅོས་བྱ་དགོས།
本版导航 各版导航 视觉导航 标题导航 以往报纸

གསར་འགྱུར་ མདོར་བསྡུས།

藏文报 新闻    时间:2016年06月08日    来源:藏文报

      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀན་སུའུ་ཞིང་ཆེན་དམག་བསྡུ་གཞུང་སྒྲུབ་ཁང་དང་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་མཉམ་དུ་ཀན་སུའུ་ཞིང་ཆེན་སློབ་ཆེན་སློབ་མའི་དམག་བསྡུའི་བྱ་བར་སྐུལ་འདེད་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་གྲོས་ཚོགས་བསྡུས། ཤེས་རྟོགས་བྱུང་བ་ལྟར་ན། ཟླ 5བའི་ཚེས 30ཉིན་གྱི་ཆུ་ཚོད 8པར་ཐུག་བར་དུ། སློབ་ཆེན་སློབ་མ 6170གིས་དམག་ནང་དུ་ཞུགས་པར་དྲ་ཐོག་ནས་མིང་ཐོ་བཀོད་འདུག།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ལིན་ཐན་རྫོང་གིས་དོན་དངོས་ནས་རྐང་ཚུགས་ཏེ་ནུས་ཤུགས་ཡོད་དགུས་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དེ་དཔལ་ཡོན་མཚོན་པའི་དན་རྟགས་སུ་བགྲང་། ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་བྱ་བའི་དཀའ་གནད་ནས་འགོ་བརྩམས་ཏེ། དུས་བཅད་ལྟར་སྒྲིག་བཅོས་བྱེད་པ་དང་གཅིག་བསྡུས་སྒོས་གཙང་བཟོ་བྱེད་པ་བརྒྱུད། སློབ་གསོ་གཏོང་བ་དང་ཆད་པ་གཅོད་པ་ཟུང་སྦྲེལ་བྱས་ཏེ། སྒྲིག་བཅོས་ཀྱི་རྒྱུན་རྣམ་བཟང་བོ་ཆགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བྱེད་པར་འགན་བགོས་ས་ཆའི་གཙང་སྦྲར་འགན་ལེན་དུ་བཅུག་ལ། རྫོང་ཡོངས་ཀྱི་ཁོར་ཡུག་གཙང་སྦྲའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། གཙོ་གཉེར་འགོ་ཁྲིད་པས་ཚན་གཙོ་ཡི་འགན་ཁུར་ཏེ་དངོས་སུ་བྱ་བ་ལེགས་འཛིན་དང་ནན་འཛིན་བྱས།།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་འགའི་རིང་ལ། གཙོས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ནན་ཏན་སྒོས་ནར་མ་སོན་པའི་གཞོན་སྐྱེས་ཚོའི་ཉེས་དོན་ཞིབ་དཔྱོད་བྱ་བ་ཁག་དོན་འཁྱོལ་བྱས་པས། ནར་མ་སོན་པའི་གཞོན་སྐྱེས་ཚོའི་ཉེས་དོན་ཞིབ་དཔྱོད་བྱ་བར་གྲུབ་འབྲས་མངོན་གསལ་བླངས།།