རང་རྒྱལ་གྱིས་ཐེངས་
དང་བོར་ཨ་རིའི་མ་་་་
བཅོས་རྡོ་སྣུམ་ལས་་་
སྣོན་བྱས་པ།
藏文报
作者:
新闻 时间:2016年06月08日 来源:藏文报
ཟླ 6པའི་ཚེས 3ཉིན་ལ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་མའོ་མིང་རྡོ་སྣུམ་རྫས་འགྱུར་གནོན་འཕྲི་གཤེར་ཁུ་དྭངས་འབྱེད་སྒྲིག་ཆས་ཨང་དང་བོས་ཉེ་དུས་ཨ་རིར་རྡོ་སྣུམ་ལས་སྣོན་བྱེད་འགོ་བརྩམས་ཤིང་། དེ་ནི་ཀྲུང་གོ་རྡོ་སྣུམ་དང་རྫས་འགྱུར་ཀུང་སིས་ཨ་རིའི་མ་བཅོས་རྡོ་སྣུམ་ལས་སྣོན་བྱེད་ཐེངས་དང་བོ་དེ་ཡིན་ལ། ཨ་རིས་ལོ་བཞི་བཅུའི་རིང་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བཀག་པའི་བཀག་རྒྱ་གློད་རྗེས་ཀྲུང་གོར་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱེད་ཐེངས་དང་བོ་དེ་ཡིན།
དབྱེ་ཞིབ་མི་སྣས་དོན་དེས་ཀྲུང་གོས་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་སྣེ་མང་ཅན་གྱི་བྱེད་ཐབས་སྔར་བས་མཐོ་རུ་འགྲོ་རྒྱུ་མ་ཟད། ནུས་རྒྱུའི་བདེ་འཇགས་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བཤད་ཡོད།
དུས་རབས་གོང་མའི་ལོ་རབས་བདུན་ཅུའི་དུས་འགོར་རྡོ་སྣུམ་དཀོན་དུ་ཕྱིན་པར་བརྟེན། ཨ་རིའི་རྒྱལ་ནང་གི་སྣུམ་གོང་འཕར་ཡོད། རྡོ་སྣུམ་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱ་ཆེད། ཨ་རིས 1975ལོར《ནུས་རྒྱུའི་སྲིད་ཇུས་དང་ནུས་རྒྱུ་གྲོན་ཆུང་བཅའ་ཁྲིམས》བཏོན་ནས་ཨ་རིའི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་བྱ་རྒྱུར་ཚད་བཀག་བཟོས་ཡོད། ཉེ་བའི་ལོ་ཤས་རིང་རྡོ་གཡམ་སོལ་རླངས་གསར་བརྗེའི་སྐུལ་འདེད་འོག་ཨ་རིའི་མ་བཅོས་རྡོ་སྣུམ་ཐོན་ཚད་མང་དུ་ཕྱིན་པར་བརྟེན 2015ལོའི་ཟླ 12ཚེས18ཉིན་ཨ་རིས་དུས་ཡུན་ལོ་བཞི་བཅུ་བཀག་པའི་མ་བཅོས་རྡོ་སྣུམ་གྱི་ཕྱིར་གཏོང་བཀག་རྒྱ་མེད་པ་བཟོས་པ་རེད།།