本版导航 各版导航 视觉导航 标题导航 以往报纸

ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་གིས 2016ལོར་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་གསར་བ་བསྡུ་བའི་བརྡ་སྦྱོར།

藏文报 新闻    时间:2016年06月08日    来源:藏文报

    གཅིག སློབ་གྲྭའི་གནས་ཚུལ་རགས་བསྡུས།
   གཙོས་བོད་རིགས་སློབ་འབྲིང་ནི 1993ལོར་གསར་དུ་ཚུགས་ལ་བོད་རྒྱ་དབྱིན་གསུམ་གྱིས་སློབ་ཁྲིད་བགྱིས་པའི་བོད་རིགས་ཞག་འདུག་སློབ་འབྲིང་ཞིག་ཡིན། སློབ་གྲྭ་བཙུགས་པ་ནས་དམའ་འབྲིང་གི་སློབ་མ 4922སློབ་མཐར་ཕྱིན་ལ་རྒྱུགས་འཕྲོད་ཚད་ནི 98 ཡན་དང་། མཐོ་འབྲིང་གི་སློབ་མ2812སློབ་མཐར་ཕྱིན་ལ་སློབ་ཆེན་དུ་རྒྱུགས་འཕྲོད་ཚད་ནི 96 ཡིན། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། སློབ་མ 44ཡིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ(2013ལོར་སློབ་མ 9   2014ལོར་སློབ་མ 17   2015ལོར་སློབ་མ 18)རྒྱུགས་འཕྲོད་ལ། སློབ་མ་གསུམ་གྱིས་ཐེན་ཅིན་གསོ་རིག་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད།
   སློབ་གྲྭ་བཙུགས་ནས་ལོ་ངོ་ཉེར་གསུམ་གྱི་རིང་ལ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་དང་། སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་བྱ་བའི་སྔོན་ཐོན་ཚོགས་པ། དམངས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་བའི་སྔོན་ཐོན་ཚོགས་པ་སོགས་རྒྱལ་ཁབ་རིམ་པའི་གཟེངས་རྟགས་དང་། ཀན་སུའུ་ཞིང་ཆེན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། སློབ་གསོའི་མ་ལག་སྔོན་ཐོན་ཚོགས་པ། སློབ་གྲྭའི་ལུས་རྩལ་འཕྲོད་བསྟེན་ལས་ཀའི་སྔོན་ཐོན་ལས་ཁུངས། གློག་རྩིས་སློབ་གསོའི་སྔོན་ཐོན་ཚོགས་པ། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་ཚོགས་པ། སྤྱིར་བཏང་མཐོ་འབྲིང་མཐར་ཕྱིན་ལྷན་རྒྱུགས་ཀྱི་སྔོན་ཐོན་ཚོགས་པ། སློབ་གསོའི་མ་ལག་གི་སྔོན་ཐོན་ལེགས་སྤེལ་གྱི་གཞི་རིམ་ཏང་རྩ་འཛུགས་སོགས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་རིམ་པའི་བྱ་དགའི་གཟེངས་རྟགས 300ལྷག་ཐོབ་བོ།
   གཉིས། དམའ་འབྲིང་དུ་སློབ་མ་གསར་བ་བསྡུ་བའི་འཆར་གཞི་དང་མི་གྲངས།
   (གཅིག)སློབ་མ་བསྡུ་བའི་འཆར་གཞི།
   དམའ་འབྲིང་སློབ་མ 300བསྡུ་རྒྱུ་ཡིན། དེ་ལས་བོད་ཡིག་གཙོ་བོའི་འཛིན་གྲྭ 4ལ་སྡོམ་པས་སློབ་མ 200དང་། རྒྱ་ཡིག་གཙོ་བོའི་འཛིན་གྲྭ 2ལ་སྡོམ་པས་སློབ་མ 100བསྡུ་བའི་འཆར་གཞི་ཡོད། བོད་ཡིག་གཙོ་བོའི་སློབ་མ 200ནི། གཙོས་གྲོང་ཁྱེར་གྱི་སློབ་གྲྭ་ཡོངས་ལ་ཁ་ཕྱོགས་ཏེ་སློབ་མ 100དང་། ཁུལ་ཡོངས་ཀྱི་རྫོང་ཁག་གཞན་དག་ལ་ཁ་ཕྱོགས་ཏེ་སློབ་མ 100བསྡུ་རྒྱུ་དང་། རྒྱ་ཡིག་གཙོ་བོའི་སློབ་མ 100ནི། ཁུལ་ཡོངས་ལ་ཁ་ཕྱོགས་ཏེ་བསྡུ་རྒྱུ་ཡིན།
   (གཉིས)སློབ་མ་བསྡུ་ཚུལ།
   1.མིང་ཐོ་འགོད་ཚུལ་དང་དུས་ཡུན།
   (1)མིང་ཐོ་འགོད་ཚུལ།
   མཐར་ཕྱིན་སའི་སློབ་གྲྭ་སོ་སོས་ཐད་ཀར་གཙོས་བོད་རིགས་སློབ་འབྲིང་གི་སློབ་མ་བསྡུ་བའི་དྲ་ལམ Q Q 235582305ནས་མིང་ཐོ་འགོད་ད་ཆོག་ལ། སློབ་མའམ་ཁྱིམ་བདག་གིས་གཙོས་བོད་རིགས་སློབ་འབྲིང་གི་སློབ་མ་བསྡུ་བའི་དྲ་ལམ་དེ་ནས་མིང་ཐོ་བཀོད་ཀྱང་ཆོག  ཡང་ན་མཐར་ཕྱིན་སའི་སློབ་གྲྭའི་དགེ་རྒན་ནམ་སློབ་མ་རང་ཉིད་དངོས་སུ་གཙོས་བོད་རིགས་སློབ་འབྲིང་གི་སློབ་དོན་ཁང་དུ་ཡོང་ནས་མིང་ཐོ་བཀོད་ཀྱང་ཆོག
   (2)མིང་ཐོ་དགོད་ཡུན་ནི། 2016ལོའི་ཟླ 5བའི་ཚེས 25ཉིན་ནས་ཟླ 6པའི་ཚེས 27ཉིན།
   2.སློབ་མ་བསྡུ་སྟངས།
   མིང་ཐོ་བཀོད་པའི་སློབ་མའི་མང་ཉུང་ལྟར། ཁུལ་ཡོངས་ཀྱི་སློབ་ཆུང་མཐར་ཕྱིན་གཅིག་གྱུར་ཚད་ལེན་རྒྱུགས་འབྲས་གཞིར་བཟུང་ནས་སློབ་མ་བསྡུ་བ་ལས། སློབ་གྲྭས་ཟུར་དུ་རྒྱུགས་མི་ལེན།
   (1)གཙོས་གྲོང་ཁྱེར་གྱི་སློབ་མ་ནི་སློབ་གྲྭ་སོ་སོས་མིང་ཐོ་བཀོད་པའི་མང་ཉུང་གི་བསྡུར་ཚད་ལྟར་སློབ་མ་བསྡུ་རྒྱུ།
   (2)རྫོང་ཁག་སོ་སོའི་སློབ་མ་ནི་རྫོང་ཁག་སོ་སོས་མིང་ཐོ་བཀོད་པའི་མང་ཉུང་གི་བསྡུར་ཚད་ལྟར་སློབ་མ་བསྡུ་རྒྱུ།
   3.ཁྱད་པར་དུ་གསལ་བཤད་བྱ་རྒྱུ་ནི།
   (1)མིང་ཐོ་བཀོད་མེད་ན་སློབ་མའི་སྦྱངས་འབྲས་ལེགས་ཀྱང་བསྡུ་རྒྱུ་མིན།
   (2)རྫོང་ཁག་དང་གཙོས་གྲོང་ཁྱེར་གྱིས་སློབ་ཆུང་མཐར་ཕྱིན་སློབ་མའི་གཅིག་གྱུར་རྒྱུགས་འབྲས་དེ་སློབ་མ་དང་ཁྱིམ་བདག་ཡོངས་ལ་སྤྱི་བསྒྲགས་བྱ་དགོས།གལ་ཏེ་རྒྱུགས་འབྲས་རྫུན་མའམ་བཅོས་མ་ཡིན་ན་སློབ་གྲྭས་བསྡུ་རྒྱུ་མིན་ལ། བསྡུས་ཡོད་ཀྱང་སློབ་གྲྭར་ཞུགས་མི་ཆོག
   (3)རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་ཀུན་གྱིས་ང་ཚོས་སློབ་མ་གསར་བ་བསྡུ་བའི་བྱ་བར་ལྟ་རྟོག་དང་།  གལ་ཏེ་སློབ་མའི་སྦྱངས་འབྲས་རྫུན་མའམ་བཅོས་མ་ཅན་ཡོད་ན་མྱུར་དུ་འབྲེལ་བ་གནང་འཚལ། ཁ་པར་ཨང་གྲངས་ནི 8212093ཡིན།
   གསུམ། མཐོ་འབྲིང་དུ་སློབ་མ་གསར་བ་བསྡུ་བའི་འཆར་གཞི།
   ཁུལ་སློབ་གསོ་ཅུས་ཀྱི་མཐོ་འབྲིང་སློབ་མ་བསྡུ་བའི་འཆར་གཞི་ལྟར། མཐོ་འབྲིང་སློབ་མ 330བསྡུ་རྒྱུ་ཡིན། དེར་བོད་ཡིག་གཙོ་བོའི་འཛིན་གྲྭ 4ལ་སྡོམ་པས་སློབ་མ 220དང་། རྒྱ་ཡིག་གཙོ་བོའི་འཛིན་གྲྭ 2ལ་སྡོམ་པས་སློབ་མ 110བསྡུ་རྩིས་ཡོད།
   (གཅིག)སློབ་མ་བསྡུ་སྟངས།
  1.སློབ་མ་བསྡུ་ཡུལ། རང་ཁུལ་གྱི་རྫོང་ཁག་བདུན་དང་གྲོང་ཁྱེར་གཅིག་ནས་བོད་རྒྱ་སྐད་གཉིས་ཀྱིས་སློབ་ཁྲིད་བྱས་མྱོང་བའི་ད་ལོའི་དམའ་འབྲིང་མཐར་ཕྱིན་སློབ་མ་ཡིན་ལ། བསྡུ་ཚུལ་ནི་ཀན་ལྷོ་ཁུལ་གྱི་དམའ་འབྲིང་མཐར་ཕྱིན་སློབ་མའི་རྒྱུཊ་འབྲས་ལྟར་བསྡུ་རྒྱུ་ཡིན།
   2.མིང་ཐོ་འགོད་ཚུལ།
   ཁུལ་སློབ་གསོ་ཅུས་ཀྱི་ཡིག་ཆ 2016ཨང 101པའི་དགོངས་དོན་ལྟར། དྲ་ལམ http//203.195.158.74/ ནས་སློབ་མས་དངོས་སུ་མིང་ཐོ་འགོད་དགོས། གལ་ཏེ་དྲ་ལམ་ནས་མིང་ཐོ་འགོད་མི་ཤེས་ན། རང་སློབ་གྲྭའི་ཆ་འཕྲིན་དགེ་རྒན་རྣམས་ཀྱིས་མཛུབ་སྟོན་རོགས་རམ་གནངས་ཏེ་མིང་ཐོ་བཀོད་ཀྱང་ཆོག  མིང་ཐོ་འགོད་པར་དོགས་པ་དང་ཁ་མི་གསལ་ས་ཡོད་ན། ཁུལ་སློབ་གསོ་ཅུས་ཀྱི་སློབ་གསོ་ཚན་ཁག་གི་ཁ་པར་ཨང་གྲངས 8213910ལ་འབྲེལ་བྱ་ཆོག་ལ། རང་སློབ་གྲྭའི་སློབ་དོན་ཁང་གི་ཁ་པར་ཨང་གྲངས 8212093ལ་འབྲེལ་བ་བྱས་ཀྱང་ཆོག
   (གཉིས)སློབ་ཡོན་དང་རོགས་སྐྱོར།
   1.སློབ་ཡོན། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཡིག་ཆའི་ཐག་ཆོད་ལྟར་སློབ་ཡོན་བསྡུ་རྒྱུ་ཡིན།
   2.རོགས་སྐྱོར། ལོ་ངོ་མང་བོའི་རིང་ལ་སློབ་གྲྭས་ཐབས་དང་བཀོད་པ་གང་ཡོད་ཀྱིས་ཁྱིམ་ཚང་དབུལ་ཕོངས་ཡིན་ལ་སྦྱངས་འབྲས་ཕུལ་བྱུང་ཡིན་པའི་སློབ་མར་རོགས་སྐྱོར་དང་།རོགས་སྐྱོར་བྱས་པའི་ཚད་དེ་མཐོ་འབྲིང་སློབ་མ་ཡོངས་ཀྱི 50 ཡན་ཟིན་ཡོད།  ད་ལོར་ཡང་སློབ་གྲྭས་སྔར་ལས་ལྷག་པར་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མར་རོགས་སྐྱོར་བྱས་ཏེ་བདེ་བླག་ངང་སློབ་མཐར་ཕྱིན་རྒྱུ་ནི་ཐུན་མོང་གི་རེ་བ་ཉག་གཅིག་གོ།
   བཞི། འབྲེལ་གཏུག་བྱ་ཡུལ།
   གཙོས་བོད་རིགས་སློབ་འབྲིང་གི་སློབ་དོན་ཁང་གི་ཁ་པར་ཨང་གྲངས།       8212093
   དགེ་རྒན་མགོན་པོ་བཀྲ་ཤིས་ཀྱི་ཁ་པར་ཨང་གྲངས།
                          13893991233
    གཙོས་བོད་རིགས་སློབ་འབྲིང་གི་དྲ་ལམ།
                   http//www.gnhzzz.cn
              2016ལོའི་ཟླ 5བའི་ཚེས 25ཉིན་ལ།