འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་
ལིན་ཐན་རྫོང་དུ་འབྲེལ་གཉིས་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་མཛད་པ།
藏文报
作者:
新闻 时间:2016年08月27日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 22ནས་ཚེས 24ཉིན་བར་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུའོ་ཐུང་ཡོན་འཁོར་དང་བཅས་པ་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་དང་བསྒྲུབས་རྒྱོ་ཤང་དུ་ཕེབས་ནས་འབྲེལ་གཉིས་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛད།
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཞུས་ཆང་། ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། དེ་མིན་ལིན་ཐན་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དག་གིས་རྟོག་ཞིབ་མཛད་པར་འགྲོ་རོགས་བྱས།
འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་འཁོར་དང་བཅས་པས་སྔ་གཞུག་ཏུ་འགོ་ནང་ཐང་གྲོང་རྡལ་གྱི་ཁྲི་ཀོའུ་སྡེ་བ་དང་བསྒྲུབས་རྒྱོ་ཤང་མིའོ་ཧྭ་སྡེ་བ། ཀྲུང་ཀྲའེ་སྡེ་བར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་ཅིང་། སྨན་རྩྭ་སྐྱེ་བའི་གནས་ཚུལ་ལ་ལྟ་ཞིབ་མཛད་ལ། འགོ་ནང་ཐང་གྲོང་རྡལ་དང་བསྒྲུབས་རྒྱོ་ཤང་དུ་བཞུགས་མོལ་གྲོས་ཚོགས་ཚོགས་ནས། ཤང་གཉིས་ཀྱི་འགན་ཁུར་མི་སྣས་འབྲེལ་གཉིས་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།
འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ལིན་ཐན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་གོ་སྐབས་དམ་འཛིན་དང་དཀའ་སྤྱད་འབད་བརྩོན། གནད་ཁེལ་དབུལ་སྐྱོར། གནད་ཁེལ་དབུལ་ཐར་བཅས་བྱས་ཏེ་ཧུར་ཐག་གིས་ད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་རིགས་སོ་སོ་ལེགས་འགྲུབ་བྱ་དགོས་ཞེས་ནན་གྱིས་བསྟན།
ཧུའོ་ཐུང་ཡོན་གྱིས་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལིན་ཐན་རྫོང་དང་བསྒྲུབས་རྒྱོ་ཤང་གི་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་རྗེས་ཕྱོགས་སྔར་ལས་ལྷག་པར་ཡུལ་སྐོར་དང་ནགས་ཁུལ་གསོ་སྤེལ་གྱི་བྱ་བ་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།
རྟོག་ཞིབ་ཁྲོད་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་འཁོར་དང་བཅས་པ་ཁྱིམ་ཚང 3ལ་ཕེབས་ནས་ཞིང་ཁྱིམ་སྤྲོ་སྐྱིད་གླིང་འཕེལ་རྒྱས་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད།།