本版导航 各版导航 视觉导航 标题导航 以往报纸

གཙོས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་

གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་དང་ཕྱིའི་རྣམ་པ་ཇེ་ ཡག་ཏུ་གཏོང་བའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཚོགས་པ།

藏文报 新闻    时间:2016年08月27日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 21ཉིན་ལ། གཙོས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་དང་ཕྱིའི་རྣམ་པ་ཇེ་ཡག་ཏུ་གཏོང་བའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཚོགས། གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། གནད་དོན་ལ་བསམ་གཞིགས་བྱེད་པའི་ཁྲོད་མི་འདང་ས་ཁ་གསབ་དང་ལས་འགན་ཞིབ་ཚགས་སུ་གཏོང་བའི་ཁྲོད་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ལས་འགན་ལག་བསྟར་བྱེད་པའི་ཁྲོད་ཐབས་ཇུས་ཇེ་དྲག་ཏུ་བཏང་ནས་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་བར་སྔར་ལས་ལྷག་པར་སྐུལ་སྤེལ་བཏང་ནས་རྒྱུ་སྤུས་དང་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་པ་དེ་ཡིན།
    ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད་གལ་ཆེན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་པི་ཙེ་དང་ཁུལ་ཨུའི་རྒྱུན་ཨུ་ཧྥན་ཝུའུ་ཏེ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་དབྱང་སྒྲོལ་མ། ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨན་ཀྲི་དབྱིན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་། ཧྲི་ཀྲན་ལིའང་། ཀྲའོ་སི་པེ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཀྲ་ཤིས། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཨན་ཞུས་ལིན་བཅས་གྲོས་ཚོགས་སུ་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་གཙོས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཁོས་རིམ་པ་སོ་སོའི་དྲིལ་བསྒྲགས་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་བྱ་བ་སྤེལ་བ་དང་། ཕྱོགས་བསྡུས་སྒྲིག་བཅོས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ཆེན་པོ་ཞིག་བསྐྲུན་ནས། ཚགས་པར་དང་བརྙན་འཕྲིན་སྟེང་ཆེད་བསྒྲིགས་ལེ་ཚན་བཀོད་དེ་དྲིལ་བསྒྲགས་བྱ་དགོས་ལ། སྤྱི་ཚོགས་སྟེང་དུའང་མི་ཚང་མར་ཤེས་སུ་བཅུག་ནས་ཕན་ནུས་ཆེན་པོ་འདོན་དགོས་ཞེས་བསྟན།
    ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཡུས་ཁྲིན་ཧུའེ་ཡི་གཏམ་བཤད་ཀྱི་དགོངས་དོན་ཇི་ལྟར་ལག་ལེན་དོན་འཁྱོལ་བྱེད་པར་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནས་མྱུར་བར་བརྒྱུད་བསྒྲགས་བྱས་ཏེ་དགོངས་དོན་ལ་ཤེས་རྟོགས་ཟབ་མོ་བྱེད་པའི་ཁྲོད་ལག་ལེན་དམ་འཛིན་བྱ་དགོས། གཉིས་ནས་ཕྱོགས་བསྡུས་ཇུས་འགོད་བྱས་ཏེ་མཉམ་འདྲེས་ཟབ་མོའི་ཁྲོད་ལག་ལེན་དམ་འཛིན་བྱ་དགོས། གསུམ་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐབས་ཇུས་ཇེ་དྲག་ཏུ་གཏོང་བའི་ཁྲོད་ལག་ལེན་དམ་འཛིན་བྱ་དགོས།།