འབྲུག་ཆུ་རྫོང་གིས་ཁོར་ཡུག་གཙང་སྦྲའི“གཅོང་ནད”ལ་སྒྲིག་བཅོས་བྱས་པ།
藏文报
作者:
新闻 时间:2016年08月27日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་། འབྲུག་ཆུ་རྫོང་གིས་རྫོང་གི་དངོས་ཡོད་གནས་ཚུལ་རྐང་འཛུགས་ས་བྱས་ཏེ།“ལོ་གཅིག་གི་ནང་དུ་གཙང་མར་བསྒྱུར་བ་དང་། ལོ་གཉིས་ཀྱི་ནང་དུ་གསལ་དོད་ཅན་དུ་བསྒྱུར་བ། ལོ་གསུམ་གྱི་ནང་དུ་མཛེས་སྡུག་ལྡན་པར་བསྐྲུན་པའི”བྱ་བའི་དམིགས་འབེན་གཏན་ཁེལ་བྱས། མཁར་གྲོང་གི་དོ་དམ་གཙོ་གནད་དུ་བཟུང་ཞིང་ཞིང་སྡེའི་སྒྲིག་བཅོས་དཀའ་གནད་དུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་བརྡ་ཁྱབ་ཀྱི་རྟགས་བྱང་གང་འདོད་དུ་སྦྱར་བ་དང་རྙིང་ཧྲུལ་དུ་གྱུར་བའི་འཕྲུལ་ཆས་གང་བྱུང་དུ་འཇོག་པ། འཛུགས་སྐྲུན་གད་སྙིགས་གང་བྱུང་དུ་འདོར་བ། ཞིང་སྡེའི་འབུད་ཤིང་དང་གཟན་རྩྭ་གང་འདོད་དུ་བརྩེགས་པ། ཞིང་སྡེའི་ཁྱིམ་ཚང་གི་ར་སྐོར་བཙོག་ཟིང་ཞན་བཅས་ཀྱི“གཅོང་ནད་ཆེན་པོ་ལྔ”གཙང་སེལ་བྱས།
གཞུང་ལམ་ལམ་རྒྱུད་དང་གྲོང་སྡེའི་ནང་ཁུལ། ལུང་བའི་ཕུ་མདོ། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་གཙོ་གནད་དུ་བཟུང་ནས། ཕྱོགས་ཡོངས་ནས་གང་བྱུང་དུ་བྲིས་པ་དང་སྦྱར་བའི་བརྡ་ཁྱབ་བྱང་བུ་དང་འཕྲེད་བྱང་རྙིང་བ་གཙང་བཟོ་བྱས། ཕྱོགས་ཡོངས་ནས་གཞུང་ལམ་འགྲམ་རྒྱུད་དང་འབྲུག་དཀར་གཙང་བོའི་འགྲམ་རྒྱུད་ཀྱི་བྱེ་རྡོ་ར་བ་དང་བཟོ་ཁང་སྟབས་བདེ། འཕྲུལ་ཆས་སྒྲིག་ཆས་བཅས་དག་ཐེར་སྒྲིག་བཅོས་བྱས་ཤིང་། རླངས་འཁོར་ཞིག་གསོ་ས་ཚིགས་སུ་རླངས་འཁོར་གང་འདོད་དུ་འཇོག་པ་དང་བེད་མེད་དངོས་པོ་ཕྱིར་བསྡུ་ས་ཚིགས་ཀྱི་ཅ་དངོས་གང་བྱུང་དུ་འཇོག་པའི་སྣང་ཚུལ་ལ་ཕྱོགས་ཡོངས་ནས་གཙང་བཟོ་དང་སྒྲིག་བཅོས་བྱས། བློ་ཐག་ཆོད་པོས་ལམ་འགྲམ་དང་ཆུ་ལམ། ཆུ་རྐ་བཅས་སུ་འཛུགས་སྐྲུན་གད་སྙིགས་གང་བྱུང་དུ་འདོར་བའི་བྱ་སྤྱོད་ལ་སྒྲིག་བཅོས་བྱས། ཕྱོགས་ཡོངས་ནས་ལམ་འགྲམ་དང་ཆུ་འགྲམ། ཁང་བའི་གཡས་གཡོན་མདུན་རྒྱབ་ཏུ་འབུད་ཤིང་དང་གཟན་རྩྭ་གང་བྱུང་དུ་བརྩེགས་པར་གཙང་དག་བྱས། “ཁྱིམ་གཞིས་ལ་དགའ་བ་དང་གཙང་སྦྲར་བདག་སྐྱོང”བྱེད་པའི་སྐར་རིམ་དཔྱད་སྡུར་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་ཏེ། རྫོང་ཡོངས་ཀྱི་ཞིང་སྡེར་སྤྱོད་ངན་བཅོས་བསྒྱུར་བྱེད་ཅིང་གཙང་སྦྲར་བདག་སྐྱོང་བྱེད་པའི་དཔལ་ཡོན་ལྡན་པའི་རྣམ་པ་གསར་བ་ཆགས།།