རྨ་ཆུ་རྫོང་གིས་སྡོད་དམངས་ཀྱི་འཚོ་གནས་ཁོར་ཡུག་ལེགས་
བཅོས་བྱས་ཏེ་མཛེས་སྡུག་ལྡན་པའི་འབྲོག་སྡེ་བསྐྲུན་པ།
藏文报
作者:
新闻 时间:2016年08月27日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་། རྨ་ཆུ་རྫོང་གིས་ཕྱོགས་ཡོངས་ནས་ཞིང་ཆེན་དང་ཁུལ་གྱི《རོང་འབྲོག་སྡེ་བའི་སྡོད་དམངས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་གཏོང་བའི་བྱ་འགུལ་ཐད་ཀྱི་འཆར་གཞི》དོན་འཁྱོལ་བྱས་ཏེ། འབྲོག་སྡེའི་སྡོད་དམངས་བདེ་འཇགས་ཅན་གྱི་སྡོད་ཁང་ལ་འདུག་པ་དང་དྭངས་གཙང་གི་འཐུང་ཆུ་ཡོད་པ། འགྲོ་ལམ་ཤར་སྐྱོད་ཐུབ་པར་འགན་སྲུང་བྱེད་པ་གཙོ་གནད་དུ་བཟུང་ནས། མཛེས་སྡུག་ལྡན་པའི་འབྲོག་སྡེ་བསྐྲུན་པར་ཤུགས་བསྣན་པས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་རྨང་གཞི་སྲ་བརྟན་བཏིང་བ་རེད།
ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་གྲོང་སྡེའི་དཔེ་སྟོན་སྡེ་བ་དང་ཁྲི་སྡེ་གཙང་དག་སྡེ་བ་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་། 2016ལོར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 24ཡི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་ཤིང་། སྨད་མ་ཤང་གད་སྐྱ་སྡེ་བའི་ཞིང་ཆེན་རིམ་པའི“མཇེས་སྡུག་ལྡན་པའི་སྟོང་སྡེའི”དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་ལས་འགན་དང་། རྨུར་བྱེ་ཤང་རྨུ་ར་སྡེ་བའི་ཁུལ་རིམ་པའི“མཛེས་སྡུག་ལྡན་པའི་སྟོང་སྡེའི”དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་ལས་འགན། དབལ་བན་ཚང་ཤང་པོ་ཏི་སྡེ་བའི་རྫོང་རིམ་པའི“མཛེས་སྡུག་ལྡན་པའི་སྟོང་སྡེའི”དཔེ་སྟོན་སྡེ་བ་འཛུགས་སྐྲུན་གྱི་ལས་འགན་དང་། རྨུར་བྱེ་ཤང་རྨུ་ར་སྡེ་བ་དང་དབལ་བན་ཚང་ཤང་པོ་ཏི་སྡེ་བ 2ཀྱི“ཁྲི་སྡེ་གཙང་དག”འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱུང་།“མཇེས་སྡུག་ལྡན་པའི་སྟོང་སྡེའི”དཔེ་སྟོན་སྡེ་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་གཉིས་མཉམ་དུ་སྐུལ་སྤེལ་བྱས་ཤིང་། མཛེས་སྡུག་ལྡན་པའི་གྲོང་སྡེའི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པར་འགོ་རྩོམ་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱས་ནས་ལོ་འཁོར་འདིའི་ནང་དུ་ལེགས་འགྲུབ་ཡོང་བ་བྱས་ཏེ། རྫོང་ཡོངས་སུ་ངེས་པ་དོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།
ཆུ་དང་ལམ། གློག ཁང་བ་བཅས་ཀྱིས་ཡོངས་སུ་ཁྱབ་པ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་ལ། འབྲོག་སྡེའི་བཙོག་ཟིང་ཞན་གྱི་གནད་དོན་ཐག་གཅོད་བྱེད་པ་དེ་ཐོད་བརྒལ་བྱེད་སར་བརྩིས་ཏེ། ཕྱོགས་ཡོངས་ནས་གད་སྙིགས་དང་བཙོག་ཆུ་བདག་སྐྱོང་བྱས་ཤིང་། མི་དང་སྒོ་ཕྱུགས་དབྱེ་བཀར་བྱས་ལ་གྲོང་སྡེ་ལྗང་བསྒྱུར་བྱས་ནས་དཔལ་ཡོན་ཅན་དང་མཛེས་སྡུག་ལྡན་པའི་འབྲོག་སྡེ་བསྐྲུན།།