本版导航 各版导航 视觉导航 标题导航 以往报纸

གསར་འགྱུར་ མདོར་བསྡུས།

藏文报 新闻    时间:2016年08月27日    来源:藏文报

      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་ནོར་སྲིད་འགྲོ་སྒོ་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧའང་ཧོང་ཀང་དང་། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བ་རྩ་འཛུགས་བྱས་ཏེ། ཆེད་དུ་རང་ཁུལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི“ཡོངས་སུ་ཁྱབ་པ་གཉིས”ཀྱི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་བྱེད་པའི་ཁྲོད་དུ་བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་རྩ་འཛུགས་པུའུ་དང་། བཟོ་ཚོང་ཅུས། དམངས་སྲིད་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་། སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཁ་ཤས། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི། གཞི་རིམ་གྱི་བཟོ་ཚོང་ས་ཚིགས་དང་སུའོ་ཡི་ཏང་གི་འཛུགས་སྐྲུན་བྱ་བའི་ཁྲིད་སྟོན་པར་བཅར་གླེང་དང་བསམ་ཚུལ་བརྗེ་རེས་བྱས།།  
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ན་ནིང་གི་ཟླ 5བའི་ནང་དུ་རང་ཁུལ་གྱིས་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“མིག་གི་མཐོང་ལམ་དུ་གད་སྙིགས་མེད་པར་བཟོ་བའི”དམིགས་འབེན་མངོན་འགྱུར་བྱ་ཆེད། ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་བ་དེ་རྫོང་གི་བྱ་བ་ཡོངས་ཀྱི་གཙོ་གནད་དུ་བརྩིས། “འགུལ་རྣམ་ཅན”དང“དྲ་དབྱིབས་ཅན”“རང་བདག་ཅན”“རྒྱུན་རྣམ་ཅན”“དམིགས་འབེན་ཅན”“ནན་ཏན་ཅན”གྱི་དོ་དམ་བྱ་ཐབས་སྤྱད་དེ་རྫོང་ཡོངས་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་བྱ་འགུལ་ནན་ཏན་སྒོས་སྤེལ་ནས་གྲུབ་འབྲས་མི་དམན་པ་བླངས།། 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། གཙོས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་དང་མཉམ་འབྲེལ་བྱས་ཤིང་། གཙོས་གྲོང་ཁྱེར་ཁོངས་གཏོགས་ཀྱི་རོང་འབྲོག་སྡེའི་གཞུང་ལམ་དུ་ཟབ་ཞུགས་བྱས་ཏེ། གཞུང་ལམ་བདེ་འཇགས་ཀྱི་ཚེ་སྲོག་སྲུང་སྐྱོབ་ལས་གཞི་འཆིང་བཟུང་དུ་བརྩིས་ནས། ཕྱོགས་ཡོངས་ནས་གཞུང་ལམ་གྱི་བདེ་འཇགས་ལ་གནོད་པའི་གནད་དོན་ཞིབ་བཤེར་དང་གཙང་སེལ་བྱས་པས་རོང་འབྲོག་སྡེ་བའི་གཞུང་ལམ་བདེ་འཇགས་ལ་འགན་སྲུང་བྱས།།