ཨ་ ཕྲེང་ ལ་ བརྒྱུས་ པའི་ སྐུལ་ ལྕག
藏文报
作者:
新闻 时间:2016年08月27日 来源:藏文报
ཨ་སྔོན་དགུང་ནས་སྐྱ་རེངས་འཛུལ་དམུལ་ལེར་ཤར་དུས།།
ཨ་འཇམ་བདེ་བའི་མནལ་ལམ་བག་མེད་དུ་འཇུག་པའི།།
ཨ་ཕའི་ཡ་ཐོད་མིག་གི་སྟོབས་ལྡན་གྱི་བུ་གཅེས།།
ཨ་མའི་ཡ་ཁོག་སྙིང་གི་སྒེག་ལྡན་གྱི་མཛངས་མས།།
ཨ་བོ་ཙི་སོགས་སྟོང་གཏམ་བར་མེད་དུ་བཟློ་བཞིན།།
ཨ་མཆོག་འདི་རང་ཀུན་གྱིས་འཛིན་རྒྱུ་དག་ལབ་སྟེ།།
ཨ་དར་ཤ་ཡི་འཁྲིས་སུ་སྐུ་མེད་དུ་བྲེལ་བ།།
ཨ་ཅེ་བུ་མོ་གནས་ལ་འགྲོ་སྐབས་ཀྱི་ཆ་བྱད།།
ཨ་རིག་གཞུང་ལ་བསླབ་ཚེ་དོན་ཕྲན་དེར་སྤྱད་དེ།།
ཨ་བོ་ནེ་ཙོ་སོགས་ཀྱི་རྣམ་ཐར་རང་བསྐྱངས་ན།།
ཨ་མྱེས་རེ་བའི་མིག་ཟུང་སུ་ཞིག་ལ་གཏོད་དམ།།
ཨ་ཉོག་འདོད་པའི་ལམ་སྣ་སུ་ཞིག་གིས་འདྲེན་ནམ།།
ཨ་གསར་མེ་ལྕེ་དམར་བོའི་སློབ་གླིང་གི་གྲལ་ཏུ།།
ཨ་སྟོང་ཤོབ་ཀྱི་ཕུང་བོ་རི་རབ་ཏུ་སྤུངས་ཏེ།།
ཨ་མེ་རུ་ཁའི་དར་རྒྱས་ཆེ་ལུགས་དག་བསྒྲེང་ལ།།
ཨ་རབ་ཨུ་རུ་སུ་སོགས་དྲན་ཡུལ་ན་མེད་ཀྱང་།།
ཨ་ཅང་སྐྱེངས་ཡུལ་མ་ཡིན་རང་ཅག་དང་འབྲེལ་བའི།།
ཨ་ཕའི་བདེ་སྡུག་མ་ཤེས་ཁ་སྐྱེངས་ཀྱི་གཞིའོ།།
ཨ་རེ་དུས་ཀྱི་མདུང་མོ་ལན་མང་དུ་བསྣུན་པར།།
ཨ་སའི་སྨན་གྱི་སྦྱོར་བ་ཕྲན་ཙམ་ཡང་མེད་ན།།
ཨ་རོང་ལ་སོགས་གཞན་དུ་འགྱུར་ཉམས་ཤིག་འདུག་གོ།
ཨ་ནུའི་རྣམ་དཔྱོད་རྩལ་གྱི་གཟི་འོད་ལ་རོལ་བའི།།
ཨ་ཡིག་རིགས་པ་སྐྱོང་བའི་བློ་གསལ་གྱི་སྤུན་ཟླ།།
མཐོ་འབྲིང་གཉིས་པའི་འཛིན་གྲྭ་གསུམ་པ། ལྷ་མོ་སྐྱབས་ཆེ་བ།