本版导航 各版导航 视觉导航 标题导航 以往报纸

དཔྱིད་དཔལ་བུ་མོ་མཐོང་བས་ང་ལ་དྲན་པ་བསླངས།

藏文报 新闻    时间:2016年08月27日    来源:藏文报

    དཔྱིད་ཀར། གསར་དུ་སྐྱེས་པའི་མྱུ་གུ་དང་།
དྲོད་ཀྱིས་བཞུས་པའི་ཆབ་རོམ།
མདོག་འགྱུར་བའི་སྐྱེ་དངོས་རྣམས།
རེ་རེ་ལ་ཚེ་སྲོག་གསར་བ་ཞིག་རྒྱས་བཞིན་པ་ངས་མཐོང་བྱུང་།
འོན་ཀྱང་སེམས་ཀྱིས་བཏབས་པའི་ས་བོན་དེ།
སེམས་ལ་ཉར་བའི་མྱུ་གུ་དེ།
ཐ་ན་དུས་ཚིགས་འདིར་མ་སྨིན་པར།
དགུན་གྱིས་བཙོན་དུ་བཟུང་བ་ཅིའི་ཕྱིར་ཡིན། ཅིའི་ཕྱིར་ཡིན།
དཔྱིད་ཀ་འདི་ལ། ངས་འཚོལ་ཞིང་བསྙེགས་པའི་ས་བོན་ཞིག
ཡང་དང་ཡང་དུ་དྲན་ནས།
ང་རང་གསར་སྐྱེས་ཀྱི་གཞུང་རྟ་ལྟར་རིམ་བཞིན་སྨིན་ན་འདོད་ཨང་།
ཁ་བ་དཀར་བོ། རྩྭ་ལོ་སེར་ལྗང་།
ནམ་མཁའ་སྔོན་པོ། གྱང་ངོས་སྐྱ་བོ།
འདི་དག་གིས་ང་རང་ཁ་དོག་ཅིག་གི་ཟབ་ཚད་ཀྱི་ཆེས་ཟབ་སར་བསྐྱལ།
དཔྱིད་དུས་རིང་མོ་ཞིག་གི་རྣམ་པ་མཐོང་ནས།
ངའི་དྲན་པའི་ཡ་ཆུང་ངོས་སུ་ས་བོན་རྡོག་ཅིག་ལྷུང་སོང་།
དཔྱིད་ཀར། ངའི་མཐའ་འཁོར་ན་ཡུལ་ལྗོངས་ཡག་པོ་ཞིག
ངའི་ཁྲ་ཆུང་གི་མིག་མདུན་ན། རྩྭ་ཉག་མ་ཞིག
ང་འཚོ་སའི་ཁོར་ཡུག་ན། འབྲས་ལྡན་གྱི་ལྗོན་པ་ཞིག
ངའི་གཡས་གཡོན་དང་མདུན་རྒྱབ་ན་མ་སྨིན་པའི་ས་བོན་ཞིག
དཔྱིད་ཟླ་རིང་མོ་འདི་ངས་ཡོངས་སུ་མཐོང་ཚར་རྗེས།
གསར་སྐྱེས་ཀྱི་མྱུ་གུ་དང་འགྲོགས་ཏེ་ཤེས་ཡོན་བསགས་དགོས་པ་ཚོར་བྱུང་།
ད་དུང་ཤེས་བྱ་མང་བོ་ཞིག་རང་དང་ཐག་རིང་དུ་ཡོད་པ་ངང་གིས་དྲན་ཞིང་།
དྲན་པའི་སེམས་ཁོངས་ན་དཔྱིད་ཟླ་རིང་མོ་ཞིག
མཚོ་གྲུ་ཇི་བཞིན།
རླུང་མེད་པའི་མཚོ་ངོས་ན་ཁ་ཕྱོགས་མེད་འདུག
ཨ་ཨ
མཐོ་འབྲིང་དང་བོའི་འཛིན་གྲྭ་བཞི་བ། ཀ་ཤུལ་རྟ་མགྲིན་འཚོ།