ཕྱིར་དྲན་ཁྲོད་ཀྱི་ཁྱེད།
藏文报
作者:
新闻 时间:2016年08月27日 来源:藏文报
ལྷིང་འཇགས་ཀྱི་གནས་མལ་ནས།
རང་ལུས་ཁྲུས་སུ་གསོལ་ཐེངས་རེར།
ཤུལ་དུ་ལུས་པ་ནི་སྐེམ་ཞིང་རིད་པའི་རྐང་ལག་དང་།
ཁྱེད་རང་དྲན་པའི་སྐྱོ་སྣང་རེད།
འཁྱག་སིབ་སིབ་ཀྱི་ལག་ཟུང་།
བྲང་གཞུང་ལ་འཇོག་བཞིན།
མགོ་བོ་མཐོན་པོར་དགྱེ་སྟེ་ཁྱེད་ཀྱི་མིང་ནས་འབོད་ན་འདོད།
གལ་སྲིད་བརླན་ཆེ་བའི་ས་ཞིང་ཁྱེད་རང་ཡིན་སྲིད་ན།
ང་ནི་ལྗང་མའི་སྨྱུ་གུ་དེ་དག་ལས་མ་འདས།
ཀྱེ། ངའི་སྙིང་གི་མེ་ཏོག་རྐང་གཅིག།
མཐོ་འབྲིང་དང་བོའི་འཛིན་གྲྭ་བཞི་བ། རྡོ་རྗེ་རིན་ཆེན།