ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་སུ། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་ བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་བློ་ཐག་རྦད་ཆོད་སྒོས་ རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས་ཞེས་ནན་གྱིས་གསུངས་པ། ལི་ཁེ་ཆང་གིས་རྒྱལ་ ཡོངས་ཡུལ་གཞན་་་ དབུལ་སྐྱོར་གནས་་ སྤོར་བྱ་བའི་ཡུལ་་་་ དངོས་གྲོས་ཚོགས་་ ལ་མཆན་བཀོད་་་་་ མཛུབ་སྟོན་གནང་བ། ཀྲང་ཀའོ་ལི་ཡིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཁ་ཁ་ཡེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་ དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ། མགོ་ལོག་རྩྭ་ཐང་སྟེང་གི་མཛེས་སྡུག་ལྡན་ཞིང་མཐོ་ སྒང་གི་དག་ཞིང་དུ་གྲགས་པའི་གཉན་པོ་གཡུ་རྩེ།
本版导航 各版导航 视觉导航 标题导航 以往报纸

ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་སུ། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་ བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་བློ་ཐག་རྦད་ཆོད་སྒོས་ རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས་ཞེས་ནན་གྱིས་གསུངས་པ།

藏文报 新闻    时间:2016年08月27日    来源:藏文报

    ཟླ 8པའི་ཚེས 23ཉིན་ནས་ཚེས 24ཉིན་གྱི་བར། ཞི་ཅིན་ཕིན་མཚོ་ནུབ་དང་མཚོ་ཤར། ཟི་ལིང་སོགས་ས་ཁུལ་དུ་ཕེབས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པ་བཅས་ཐད་ནས་རྟོག་ཞིབ་མཛད།
    རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་གསན་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ས་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་བྱས་རྗེས་གསར་བ་བསྐྲུན་དགོས་པའི་ཐུགས་རེ་བཏོན།
    ཞི་ཅིན་ཕིན་གྱིས་གསུངས་རྒྱུར། དཔལ་འབྱོར་འཛུགས་སྐྲུན་གཙོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་པ་ནི་ཏང་ཡོངས་ཀྱིས་ངེས་པར་དུ་དམ་འཛིན་དང་ལེགས་འཛིན་བྱ་དགོས་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གྲུབ་ཚུལ་རང་བཞིན་དང་སྒྲིག་གཞི་རང་བཞིན་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བ་ཧུར་ཐག་སྒོས་གསར་གཏོད་བྱ་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་བྱ་བའི་ཕྱོགས་གཙོ་བོར་བརྩི་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ད་ལྟའི་ཐོན་སྐྱེད་རྒྱུ་ཆ་བཀོད་སྒྲིག་བཟང་བོ་བྱེད་པ་དང་འདོན་སྤྲོད་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། ཐོན་རྫས་དང་ཞབས་ཞུའི་ནུས་པ་ཇེ་ལེགས་སུ་བཏང་སྟེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་རྒྱབ་རྟེན་གསར་བ་འདོན་སྤྲོད་བྱ་དགོས།
    ཞི་ཅིན་ཕིན་གྱིས་ནན་གྱིས་གསུངས་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ཞིང་དམིགས་བསལ་གྱི་དོན་སྙིང་ཡང་ལྡན་པས། ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ཅེས་པར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་དགོས། སྲུང་སྐྱོབ་སྔོན་ལ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སླར་གསོ་དང་མིའི་ཐབས་ཀྱིས་སླར་གསོ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། དོན་དངོས་གཞིར་བཟུང་སྟེ་ནུས་པའི་ས་ཁུལ་གཙོ་བོ་ཇུས་འགོད་བྱེད་པའི་རེ་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ནུས་པ་གཙོ་བོ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བར་ཁག་ཐེག་བྱ་དགོས། སྐྱེ་ཁམས་བཟོ་སྐྲུན་དང་ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན། ཁོར་ཡུག་དག་ཐེར་བཅོས་སྐྱོང་། མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་བཟང་བོར་སྒྲུབ་པ་དང་། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གཙིགས་འཛིན་བྱ་དགོས། བྱེ་ཐང་ཅན་དུ་འགྱུར་བར་སྔོན་འགོག་དང་མཐོ་སྒང་གི་རྩྭ་ས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཕྱུགས་བསྐྱུར་རྩྭ་འདེབས་དང་རྨོ་བསྐྱུར་ནགས་སྐྲུན་རྩྭ་འདེབས། བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་དགོས།
    ཞི་ཅིན་ཕིན་གྱིས་གསུངས་དོན། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཧ་ཅང་ལྕི་ལ། འགན་འཁྲི་གཟི་བརྗིད་ལྡན་པས། རིམ་པ་སོ་སོའི་ཏང་སྲིད་སྡེ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་རྒྱལ་ཁ་མ་བླངས་བར་དུ་མཚམས་མི་འཇོག་པའི་ཆོད་སེམས་བརྟན་པོ་དང་བློ་རྩ་བརྟན་པོ་ཡོད་དགོས་པ་དང་། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་རྒྱུན་འཁྱོངས་བྱས་ནས། དབུལ་བོ་ངོ་མ་དབུལ་ཕོངས་ལས་ཐར་བ་དང་དབུལ་ཕོངས་ལས་དངོས་སུ་ཐར་བར་བྱ་དགོས། ཕྱོགས་བསྡུས་ཇུས་སྤྱོད་དང་མཉམ་དུ་འབད་འཐབ་བྱས་ཏེ། སྲིད་ཇུས་མང་བོ་དང་བྱེད་ཐབས་མང་བོ། རྣམ་པ་མང་བོ་སྤྱད་དེ་ཕྱོགས་བསྡུས་སྒོས་སྟོབས་ཤུགས་འདོན་དགོས། འཚོ་སྡོད་ཁོར་ཡུག་ལ་བཅོས་བསྒྱུར་བྱེད་པ་དང་། འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བ་བརྒྱུད་དེ་དབུལ་ཐར་བྱ་དགོས། ཡུས་ཧྲུའུ་ཡི་ས་འགུལ་བྱུང་སའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་དམ་འཛིན་བྱས་ནས། ས་དེའི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་དགོས།
    ཞི་ཅིན་ཕིན་གྱིས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་པས། རིགས་སོ་སོའི་མང་ཚོགས་ཀྱིས་མུ་མཐུད་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མོས་མཐུན་ཇེ་དྲག་ཏུ་གཏོང་བའི་ཁྲོད་ནས་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་མཉམ་དར་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ནས། མཉམ་དུ་མི་རིགས་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱ་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་དོ་དམ་ཐད་ཤུགས་སྣོན་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འགྲིག་མཐུན་ཡོང་བར་སྣེ་ཁྲིད་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་སྒོས་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་དགོས།
    ཞི་ཅིན་ཕིན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཚོ་བར་གཟབ་ནན་བྱ་རྒྱུ་ནི་ཏང་ཁྱོན་ཡོངས་ནས་ནན་གྱིས་སྐྱོང་བའི་རྩ་བའི་རང་བཞིན་གྱི་རྨང་གཞིའི་བྱ་བ་ཡིན་ལ། ཏང་ཡོངས་ཀྱི་ལས་འགན་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རང་རྟོགས་སྒོས་འགན་ཁུར་ཕྲག་ཏུ་ལེན་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གཞིར་བཟུང་ནས་བྱ་བ་ནན་མོར་བསྒྲུབ་དགོས།
    ཝང་ཧུའུ་ཉིན་དང་ལི་ཀྲན་ཧྲུའུ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།།  (མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་འཕྲིན།)