ལི་ཁེ་ཆང་གིས་རྒྱལ་
ཡོངས་ཡུལ་གཞན་་་
དབུལ་སྐྱོར་གནས་་
སྤོར་བྱ་བའི་ཡུལ་་་་
དངོས་གྲོས་ཚོགས་་
ལ་མཆན་བཀོད་་་་་
མཛུབ་སྟོན་གནང་བ།
藏文报
作者:
新闻 时间:2016年08月27日 来源:藏文报
ཟླ 8 པའི་ཚེས 23 ཉིན་ནས་ཚེས 23 ཉིན་ལ། རྒྱལ་ཡོངས་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བའི་ཡུལ་དངོས་གྲོས་ཚོགས་བར་ཀོས་ཀྲོའུ་ཞིང་ཆེན་གྱི་ཀོས་ཡང་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
མཆན་བཀོད་མཛུབ་སྟོན་ནང་བཀོད་དོན། ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བ་ནི་དབུལ་ཕོངས་ལས་རྣམ་པར་རྒྱལ་བ་དང་། ཆེས་དབུལ་ཕོངས་ས་ཁུལ་གྱི་དམངས་འཚོའི་བདེ་སྐྱིད་བྱ་བ་བཟང་བོར་སྒྲུབ་པའི་ཆེས་གལ་ཆེན་དང་གནད་འགག་གི་ཕྱོགས་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་པར་དུ་བྱ་བ་དེའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ནས། འགན་འཁྲིའི་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པའི་སྐོར་གྱི་ཆོད་དོན་གྱི་རེ་བ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབ་བྱེད་པ་དང་། དུས་སྐབས་སྔོན་མར་བླངས་པའི་གྲུབ་འབྲས་བཟང་བོ་དང་ཉམས་མྱོང་གི་རྨང་གཞིའི་སྟེང་། ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བར་གནས་པའི་མི་འདང་ས་དང་གནད་དོན་གཙོ་བོར་དམིགས་པ་དང་། ཁྱད་པར་དུ་གནས་སྤོར་མང་ཚོགས་ཀྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བར་དམིགས་ཏེ། བསམ་ཕྱོགས་དང་ལམ་ལུགས་གསར་གཏོད་བྱེད་པ་དང་། མཁྲེགས་གཏོར་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་སྟེ། ཞིང་ཆེན་གྱིས་སྤྱིའི་བྱ་བར་འགན་འཁུར་བ་དང་ལས་ཁུངས་ཀྱིས་དེར་རོགས་སྐྱོར་ཆེན་པོ་བྱེད་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། དབུལ་སྐྱོར་མ་དངུལ་དང་ཐོན་ཁུངས་གཅིག་གྱུར་སྒོས་འཆར་འགོད་དང་ནུས་ཡོད་སྒོས་བཀོལ་སྤྱོད་བཟང་བོ་བྱས་ནས། གནད་འཁེལ་དབུལ་སྐྱོར་དང་བརྟན་བརླིང་དབུལ་སྐྱོར་བྱ་བར་དངོས་སུ་ཁག་ཐེག་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།།