ཀྲང་ཀའོ་ལི་ཡིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཁ་ཁ་ཡེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་
དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།
藏文报
作者:
新闻 时间:2016年08月27日 来源:藏文报
ཟླ 8 པའི་ཚེས 23 ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཐེན་ཅིན་ནས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཁ་ཁ་ཡེ་ཧྥུའུ་དང་མཉམ་དུ་་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།
ཀྲང་ཀའོ་ལི་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ནི་ལྷག་བསམ་རྣམ་དག་སྒོས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་འཐབ་ཇུས་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིན་དང་ཙུང་ཐུང་པེད་ཨར་ཏི་མུའུ་ཧ་མེས་ཏོ་ཧྥུའུ་གཉིས་ཀྱི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་བདེ་བླག་དང་གཏན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ལོ་རེར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བརྗེ་རེས་ཟབ་མོ་བྱས་པ་མ་ཟད། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ཀྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་བ་བསྣན་ཡོད།
ཁ་ཁ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་རྡོ་སྣུམ་དང་རང་བྱུང་སོལ་རླངས། ཉོ་ཚོང་། འགྲིམ་འགྲུལ། དངུལ་གཏོང་། མི་གཞུང་བཅས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཇུས་འགོད་དང་མཛུབ་སྟོན། མཐུན་སྦྱོར་བཅས་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་གྲོལ་རྗེས། ཀྲང་ཀའོ་ལི་དང་ཁ་ཁ་ཡེ་ཧྥུའུ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཟིན་ཐོ་བཀོད།།