ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་སུ། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་ བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་བློ་ཐག་རྦད་ཆོད་སྒོས་ རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས་ཞེས་ནན་གྱིས་གསུངས་པ། ལི་ཁེ་ཆང་གིས་རྒྱལ་ ཡོངས་ཡུལ་གཞན་་་ དབུལ་སྐྱོར་གནས་་ སྤོར་བྱ་བའི་ཡུལ་་་་ དངོས་གྲོས་ཚོགས་་ ལ་མཆན་བཀོད་་་་་ མཛུབ་སྟོན་གནང་བ། ཀྲང་ཀའོ་ལི་ཡིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཁ་ཁ་ཡེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་ དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ། མགོ་ལོག་རྩྭ་ཐང་སྟེང་གི་མཛེས་སྡུག་ལྡན་ཞིང་མཐོ་ སྒང་གི་དག་ཞིང་དུ་གྲགས་པའི་གཉན་པོ་གཡུ་རྩེ།
本版导航 各版导航 视觉导航 标题导航 以往报纸

མགོ་ལོག་རྩྭ་ཐང་སྟེང་གི་མཛེས་སྡུག་ལྡན་ཞིང་མཐོ་ སྒང་གི་དག་ཞིང་དུ་གྲགས་པའི་གཉན་པོ་གཡུ་རྩེ།

藏文报 新闻    时间:2016年08月27日    来源:藏文报

    གཉན་པོ་གཡུ་རྩེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི 5369ཡོད་ཅིང་། བ་ཡན་ཧ་རིའི་ཤར་རྒྱུད་དུ་ཆགས་པ་དང་། མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་ཁོངས་སུ་གནས་ལ། བ་ཡན་ཧ་རིའི་རི་རྩེ་མཐོ་ཤོས་རེད། གཉན་པོ་གཡུ་རྩེའི་རི་རྒྱུད་ལ་རིང་ཚད་སྤྱི་ལེ 40ཟིན་པ་དང་། ཞེང་ཚད་ལ་སྤྱི་ལེ 25ཡོད་པ་མ་ཟད། རི་རྩེ་མང་ཆེ་བ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི 4000ཡན་ཡོད་པ་རེད། འདི་རུ་ལོ་ངོ་ཁྲི་ལ་མི་ཞུ་བའི་འཁྱགས་རོམ་ཆེན་པོས་མཛེས་སྡུག་ལྡན་པའི་མཚེའུ 300ལྷག་ཙམ་གསོ་སྐྱོང་བྱས་ཤིང་། སྐད་གྲགས་ཧ་ཅང་ཆེ་བ་ནི་ལྷ་མོ་མཚོ་དང་བདུད་མོ་མཚོ་རེད། 2005ལོར་གཉན་པོ་གཡུ་རྩེ་རྒྱལ་ཁབ་ཀྱིས་ས་གཤིས་སྤྱི་གླིང་དུ་བསྒྱུར་བ་དང་། དེང་སང་ལྷ་མོའི་མཚོ་བསྐོར་ནས་བགྲོད་ལམ་བདེ་སྙོམས་བཟོས་པ་རེད། བགྲོད་ལམ་དེད་དེ་བསྐྱོད་ན་གང་ས་གང་དུ་འཁྱགས་རོམ་ཞུ་སྐབས་འགྲིལ་བའི་རྡོ་ཆེན་ཡོད་པ་མཐོང་ཐུབ་ལ། རྒྱང་རིང་གི་རི་རྩེ་ཚོགས་ལ་རྒྱང་ལྟ་བྱས་ན། བྲག་གཡང་གཟར་བོ་དེ་དག་ནི་ལྷ་ཡི་ཆོ་འཕྲུལ་ལས་གྲུབ་པ་ལྟ་བུ་སྣང་བ་ཚང་མ་འཁྱགས་རོམ་ལས་གྲུབ་པ་རེད། ངག་རྒྱུན་ལ་གཉན་པོ་གཡུ་རྩེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཚོ་བ་ཁག་གི་འབྱུང་གནས་ཡིན་པ་དང་དུས་མཚུངས་སུ་འདི་རུ་ད་དུང་གེ་སར་རྒྱལ་བོའི་སྒྲུང་རྒྱུན་དུ་ཆགས་ཡོད། འདི་ཚོ་ཚང་མས་གཉན་པོ་གཡུ་རྩེར་ངོ་མཚར་ལྡན་པའི་གསང་རས་ཤིག་གཡོགས་པ་བཞིན་གཞན་དང་དེ་ལྟར་མི་གཅིག་པར་གྱུར་པར་བྱས་ཡོད་པ་རེད།།  (མི་དམངས་དྲ་བའི་འཕྲིན།)