本版导航 各版导航 视觉导航 标题导航 以往报纸

ཀྲའོ་ལིན་ཡུན་གྱིས་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་སོགས་རྫོང་དང་གྲོང་ཁྱེར་ལ་ དྲག་ཆར་སེར་བའི་གནོད་སྐྱོན་བྱུང་བར་མྱུར་སྐྱོབ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ།

藏文报 新闻    时间:2016年08月27日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 22ཉིན་གྱི་ཕྱི་དྲོར། རང་ཁུལ་གྱི་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་སོགས་རྫོང་དང་གྲོང་ཁྱེར་ལ་གློ་བུར་དུ་དྲག་ཆར་དང་སེར་བ་བབས་ནས་ཤང་གྲོང་ཁ་ཤས་ལ་གནོད་འཚེ་ཚབས་ཆེན་བཟོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་ཡིས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་མི་སྣ་ཁྲིད་དེ་དུས་ཐོག་ཏུ་གནོད་ཐེབས་ཀྱི་ཡུལ་དངོས་སུ་སོང་ནས། གནས་ཚུལ་རྒྱུས་ལོན་དང་མྱུར་སྐྱོབ་བྱ་བར་ལྟ་རྟོག་དང་མཛུབ་སྟོན་བྱས་ཤིང་། ཚེས 23ཉིན་གྱི་ཞོགས་པར་མྱུར་སྐྱོབ་དང་གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས།
    ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཨན་ཞུས་ལིན་གྱིས་མྱུར་སྐྱོབ་བྱ་བར་ལྟ་རྟོག་མཛུབ་སྟོན་བྱེད་པར་འགྲོ་རོགས་བྱས།
    ཚེས 23ཉིན་གྱི་སྔ་དྲོར། ཀྲའོ་ལིན་ཡུན་འཁོར་དང་བཅས་པ་གཙོས་གྲོང་ཁྱེར་གྱི་དུང་ཕྲུག་སྲང་ལམ་བྲག་དམར་སྡེ་བ་སོགས་སུ་སོང་ནས་གནོད་ཐེབས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་ཤང་གྲོང་དང་སྲང་ལམ། སྡེ་ཁག་སོ་སོར་མང་ཚོགས་ལ་སེམས་གསོ་དང་རྒྱ་ཆེའི་མང་ཚོགས་ཀྱི་གནོད་འགོག་རང་སྐྱོབ་བྱེད་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ཞིང་། ནུས་ཤུགས་ཡོད་རྒུས་ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གནོད་འཚེའི་གནས་ཚུལ་གསལ་བོར་ཤེས་རྟོགས་བྱ་དགོས་ལ། སྔོན་འགོག་གི་ཐབས་ཇུས་ལག་བསྟར་བྱས་ཏེ་སྔོན་འགོག་བྱ་བ་གཙོ་བོར་འཇོག་དགོས་པའི་བླང་བྱ་བཏོན།།