本版导航 各版导航 视觉导航 标题导航 以往报纸

གནོད་ཐེབས་མྱུར་སྐྱོབ་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བ།

藏文报 新闻    时间:2016年08月27日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 22ཉིན་གྱི་ཆུ་ཚོད 18ནས་ཚེས 23ཉིན་གྱི་ཆུ་ཚོད 3བར། རང་ཁུལ་གྱི་གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། ཀླུ་ཆུ་རྫོང་བཅས་ལ་དུས་ཚོད་ཐུང་ངུའི་དྲག་ཆར་དང་སེར་བ་བབས་ཤིང་། རྫོང་དང་གྲོང་ཁྱེར་ཁ་ཤས་དང་ཤང་གྲོང་ཁ་ཤས་སུ་ཆུ་ལོག་གི་གནོད་སྐྱོན་ཐེབས། གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། ཀླུ་ཆུ་རྫོང་བཅས་ལ་བསྡོམས་པས་ཆར་ཆུ་འབབ་ཚད་ཧའོ་སྨི 72.2དང 61.4དང 123.5བཅས་རེད།
    གནོད་སྐྱོན་བྱུང་རྗེས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་གིས་ཚད་མཐོན་པོའི་དོ་སྣང་དང་དུས་ཐོག་ཏུ་བྱ་བ་བཀོད་སྒྲིག་ནན་མོ་བྱས། གནོད་སྐྱོན་ཁྲོད་ཤི་རྨས་བྱུང་བའི་མི་གཅིག་ཀྱང་མེད་པ་དང་། མིག་སྔར། འདམ་རྡོ་ཡིས་ཁ་གང་བའི་གནོད་སྐྱོན་ཅུང་ཚབས་ཆེ་བའི་ཞིང་ཆེན་གཞུང་ལམ 312ཀྱི་ལམ་ཐིག་དང་བསང་ཁོག་ནས་མདའ་མེད་བར་གྱི་གཞུང་ལམ་ལ་མཚན་བརྒྱབ་སྟེ་ཞིག་གསོ་བྱས་མཐར་གཞུང་ལམ་ཤར་གཏོང་ཐུབ་སྟེ། མྱུར་སྐྱོབ་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གནོད་ཐེབས་ཀྱི་གནས་ཚུལ་གསལ་བོ་ད་དུང་ཞིབ་དཔྱད་བྱེད་བཞིན་པའི་སྒང་ཡིན།།