本版导航 各版导航 视觉导航 标题导航 以往报纸

བསང་ཆུ་རྫོང་དང་གཙོས་གྲོང་ཁྱེར་གྱི་གནོད་ཐེབས་མྱུར་སྐྱོབ་བྱ་བ་བཀོད་སྒྲིག་བྱས་པར་གོ་རིམ་ལྡན་པ།

藏文报 新闻    时间:2016年08月27日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 22ཉིན་གྱི་དགོང་མོའི་ཆུ་ཚོད 18དང་སྐར་མ 19ནས་ཆུ་ཚོད 20བར། བསང་ཆུ་རྫོང་དུ་དུས་ཚོད་ཐུང་ངུའི་ནང་དྲག་ཆར་བབབས་ཏེ་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱི་གནོད་སྐྱོན་ཐེབས། རྫོང་མཁར་དང་བླ་བྲང་གྲོང་རྡལ། མདའ་མེད་ཤང་བཅས་ལ་གནོད་སྐྱོན་ཐེབས་པ་ཅུང་ཚབས་ཆེ།    ཚེས 22ཉིན་གྱི་དགོང་མོར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བྲེལ་མྱུར་ངང་གྲོས་ཚོགས་བསྡུས་ཏེ་མྱུར་སྐྱོབ་བྱ་བ་བཀོད་སྒྲིག་བྱས།
        (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 8པའི་ཚེས 22དགོངས་མོའི་ཆུ་ཚོད 17དང་སྐར་མ 30ལ། གཙོས་གྲོང་ཁྱེར་གྱི་གྲོང་ཁྱེར་ནང་ཁོངས་སུ་དྲག་ཆར་བབབས་ཏེ་ཤང་དང་སྲང་ལམ། སྡོད་ཁུལ་ཁ་ཤས་ལ་གནོད་སྐྱོན་ཚབས་ཆེན་ཐེབས།
    གནོད་སྐྱོན་བྱུང་རྗེས། གཙོས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་དོ་སྣང་བྱས་ཏེ། དུས་དང་པོར་ཡུལ་དངོས་སུ་སོང་ནས་མཛུབ་སྟོན་དང་མྱུར་སྐྱོབ་ཀྱི་བྱ་བ་སྤེལ་ཏེ་མང་ཚོགས་ལ་སེམས་གསོ་བྱས། 
    མིག་སྔར། མྱུར་སྐྱོབ་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གནོད་ཐེབས་མང་ཚོགས་ཀྱི་བློ་སེམས་བདེ་བར་གྱུར་ཞིང་ཤི་རྨས་བྱུང་བའི་གནས་ཚུལ་གཅིག་ཀྱང་མེད།།