2016ལོའི་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བ་
དར་གཞོན་གྱི་གསབ་སྦྱོང་འཛིན་གྲྭ་སྐབས་དང་པོ་འགོ་བརྩམས་པ།
藏文报
作者:
新闻 时间:2016年10月22日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 10བའི་ཚེས 18ཉིན་ལ། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བ་དར་གཞོན་གྱི་གསབ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་འགོ་བརྩམས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ཆང་གསབ་སྦྱོང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་ཤིང་གཏམ་བཤད།
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་དོན་གྲུབ་ཀྱིས་མཛད་སྒོའི་གཙོ་འགན་ཁུར་ཞིང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་དགའ་མཛད་སྒོར་ཞུགས།
ཞུས་ཆང་གིས་ཉེ་བའི་ལོ་འགའི་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་དགོན་པའི་བདག་དམ་བྱ་བར་ཚད་མཐོའི་དོ་སྣང་བྱས་ལ། ནན་ཏན་གྱིས“ལྟ་སྟངས་བཞི”ཡི་སྲིད་ཇུས་ལག་བསྟར་བྱས་ཤིང་། བོད་བརྒྱུད་ནང་བསྟན་དགོན་པའི་བྱ་བ་ས་དེ་གའི་འཕེལ་རྒྱས་ཀྱི་འཆར་འགོད་དང་ལྷན་དུ་བཀོད་སྒྲིག་བྱས་ཏེ་བོད་བརྒྱུད་ནང་བསྟན་དགོན་པའི་ཆོས་ལུགས་ཀྱི་ཆོ་གར“གཞི་རིམ་གྱིས་གཞི་རིམ་བདག་དམ་དང་གྲྭ་བས་གྲྭ་བ་བདག་དམ། མང་ཚོགས་ཀྱིས་མང་ཚོགས་བདག་དམ”གྱི་བདག་དམ་རྣམ་པ་ཆགས་སུ་བཅུག་ནས། ཤུགས་ལྡན་སྒོས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲིམས་ལྟར་བདག་དམ་དང་དམངས་གཙོ་བདག་དམ། སྤྱི་ཚོགས་བདག་དམ་བཅས་ལ་སྐུལ་འདེད་བཏང་ཞེས་བསྟན།
ཞུས་ཆང་གིས་ཏང་གི་མི་རིགས་ཆོས་ལུགས་བྱ་བའི་ཐབས་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱས་ནས་ཧུར་ཐག་གིས་སློབ་ལ་བརྩོན་པའི་གྲྭ་བ་མིག་དཔེ་ཅན་ཞིག་བྱ་དགོས་ཤིང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་དང་ཆོས་ལུགས་བྱ་བའི་རྩ་བའི་ཁ་ཕྱོགས་དང་འབད་བརྩོན་བྱ་ཡུལ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གྱིས་བསྟན།
རྫོང་བདུན་དང་གྲོང་ཁྱེར་གཅིག་གི་བོད་བརྒྱུད་ནང་བསྟན་དགོན་པ 40ཡི་དར་གཞོན་གྲྭ་པ 45ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་ཞུགས།།