本版导航 各版导航 视觉导航 标题导航 以往报纸

གསར་འགྱུར་མདོར་བསྡུས།

藏文报 新闻    时间:2016年10月22日    来源:藏文报

    ༄༅།། ཟླ 10བའི་ཚེས 18ཉིན་ལ། རང་ཁུལ་གྱིས་འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་ལ་དགའ་བའི་དུས་ཆེན་གྱི་དྲིལ་སྒྲོག་གི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ཆང་གིས་བྱ་འགུལ་འགོ་རྩོམ་པ་ཁྱབ་བསྒྲགས་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་གོ་མཛད་སྒོར་ཞུགས།།
    ༄༅།། ཉེ་ཆར། ཐེ་བོ་རྫོང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས། རྫོང་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་ཏང་ཡོན་འཐུས་མི 134དང་ཟུར་ཞུགས་མི་སྣ 62 གདན་ཞུ་མགྲོན་པོ 13བཅས་ཚོགས་ཞུགས་མི་སྣ 209འགོ་རྩོམ་པའི་མཛད་སྒོའི་སྟེང་ཞུགས།།
    ༄༅།། ཉེ་ཆར། ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་སློབ་སྦྱོང་གི་ཡར་ཞུ་གྲོས་ཚོགས་བསྡུས་ནས། ཁོར་ཡུག་སྲུང་སྐྱོང་པུའུ་སྲིད་དོན་ལམ་ལུགས་དང་མི་དོན་སི་ཡི་སི་ཀྲང་ལི་ཆིན་རུའེ་གདན་འདྲེན་ཞུས་ཏེ། 《ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས》གསར་བ་དང་《ལས་འགན་རྩད་གཅོད་བྱེད་ཐབས》ཆེད་དོན་གསབ་ཁྲིད་ཀྱི་སྙན་ཞུ་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་དབྱང་སྒྲོལ་མ་དང་ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཀྲའོ་སི་པེ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་བཅས་ཀྱིས་ཀན་ལྷོའི་ཡན་ལག་ཚོགས་ར་ནས་ཡར་ཞུ་ལ་ཉན།།