本版导航 各版导航 视觉导航 标题导航 以往报纸

རྒྱལ་སྟོན་གྱི་སྐབས་སུ་ཀན་ལྷོའི་དམར་དམག་རྒྱང་སྐྱོད་རྗེས་དྲན་གནས་ཡུལ་གྱི་ལྟ་སྐོར་བ་ཆེས་ཆེར་འཕར་བ།

藏文报 新闻    时间:2016年10月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) རྒྱལ་སྟོན་གྱི་སྐབས་སུ། གསར་བརྗེའི་ཡུལ་སྐོར་གྱི་གནས་མཆོག་ཐེ་བོ་རྫོང་གིས་སྒེར་འགྲིམ་ལྟད་མོ་བ་མང་བོ་སྣེ་ལེན་བྱས། ཐེ་བོ་རྫོང་ལ་གཟར་འགག་གི་གཡུལ་འགྱེད་རྗེས་དྲན་ཁང་དང་། ལ་གཟར་འགག་གཡུལ་འགྱེད་ཀྱི་གནས་རྙིང་། ཚུར་རུ་ནང་གི་མའོ་ཙེ་ཏུང་གི་བཞུགས་གནས། མགོ་རྗེ་གྲོས་ཚོགས་ཀྱི་གནས་རྙིང་བཅས་སུ་ཁྱིམ་མི་སྒེར་འགྲིམ་ཡུལ་སྐོར་བ་མཐོང་ཐུབ།
    ཤིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་འོངས་པའི་གྲོགས་པོ་ཆུང་ཆུང་ཡུས་ཆིན་གྱིས“ངས་ལ་གཟར་འགག་གི་གཡུལ་འགྱེད་ཀྱི་ཚད་གསུམ་འགུལ་རིས་མཐོང་མྱོང་བ་མ་ཟད། སྐབས་དེའི་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ནས་སློབ་གསོ་ཐེབས”ཞེས་ཟེར། ཁོ་ཕ་མ་གཉིས་དང་ལྷན་དུ་ཀན་ལྷོར་ཡོང་བའི་ལམ་བར་དུ་མཛེས་ལྗོངས་ལ་གཟིགས་ཐུབ་ཅིང་། ཆེད་དུ་གསར་བརྗེའི་ལྗོངས་ཁུལ་ལ་ལྟ་སྐོར་དུ་ཕྱིན་པས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་ཁོར་ཡིད་འགུལ་ཐེབས།
    ཡུལ་སྐོར་བ་ཧོང་ཡུས་ཀྱིས། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར 80ལོན་པས། སྒེར་འགྲིམ་གྱི་ལམ་བར་དུ་ཀན་ལྷོར་འོངས་ནས་བྱིས་པར་གསར་བརྗེའི་སློབ་གསོ་མྱོང་དུ་འཇུག་འདོད་པ་ཡིན་ཞེས་ཟེར།
    རྒྱུས་ལོན་པ་ལྟར་ན། ཟླ 10བའི་ཚེས 7བར་དུ་ཐེ་བོ་རྫོང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི 2.6707ལ་བསླེབས་པ་དང་། ལོ་སྔོན་མའི་དུས་མཚུངས་ལས 83.4% འཕར་ཡོད་ལ། ལ་གཟར་འགག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས 3388སྣེ་ལེན་བྱས། ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚའོ་ཧྲི་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན་ཟླ 10བའི་ཚེས 6བར། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི 9.2798སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་ཁྲི 8864.2163ལ་བསླེབས།།
   (དངོས་སྦྱོང་སློབ་མ་གནམ་ལྷ་རྒྱལ་གྱིས་བསྒྱུར།)