本版导航 各版导航 视觉导航 标题导航 以往报纸

ཁུལ་བཟོ་ཚོང་ཅུས་ ཀྱིས་འབྲེལ་གཉིས་་ བྱ་འགུལ་ལ་ཕྱི་མིག་ བལྟ་བའི་བྱ་འགུལ་ སྤེལ་བ།

藏文报 新闻    时间:2016年10月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)མིག་སྔར། ཁུལ་བཟོ་ཚོང་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཐེ་བོ་རྫོང་རྡོ་ར་ཤང་ཉིན་གཙང་རང་བྱུང་སྡེ་བར་ཟབ་ཞུགས་བྱས་ནས། འབྲེལ་གཉིས་ལ་ཕྱི་མིག་བལྟ་བའི་བྱ་འགུལ་ཆེན་མོ་སྤེལ།
    ཁུལ་བཟོ་ཚོང་ཅུས་ཀྱི་རོགས་སྐྱོར་བྱེད་པའི་སྡེ་བར་སྡོད་པའི་ཚན་ཆུང་གི་ཚན་གཙོ་དང་སྡེ་བའི་ལས་བྱེད་པས་ཁྱིམ་ཚང་རེ་རེ་བཞིན་མཐིལ་རྟོགས་ཞིབ་བཤེར་བྱས་ནས་ཉིན་གཙང་སྡེ་བའི་ཞིང་བའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྡེ་བ་འགན་ལེན་བྱེད་པའི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པས་སྡེ་དམངས་ཚོགས་ཆེན་བསྡུས་ནས། ཡིག་ཚགས་བསྐྲུན་ཏེ་བྱང་བུ་བཟོས་པའི་ཁྱིམ་ཚང་དང་མ་མཐའི་འཚོ་རྟེན་འགན་སྲུང་ཅན་གྱི་ཁྱིམ་ཚང་གཏན་ཁེལ་བྱས། དུས་མཚུངས་སུ། ཁུལ་བཟོ་ཚོང་ཅུས་ཀྱི་བྱ་བྱེད་མི་སྣས་ཉིན་གཙང་སྡེ་བའི་ལོ 60ཡན་ཆད་ཀྱི་རྒན་འཁོགས་ལ་དགུན་ལྭ་བྱིན་པ་དང་། འབྲེལ་བ་བྱེད་སའི་དབུལ་ཕོངས་ཁྱིམ་ཚང 22ལ་ཅུས་ཡོངས་ཀྱི་ལས་བཟོ་བས་གཅེས་སེམས་ཀྱི་འཚམས་འདྲིའི་དངུལ་སྒོར 11000འགྲེམ་གཏོང་བྱས། གསར་དུ་ཁ་སྣོན་བྱེད་པའི་དབུལ་ཕོངས་ཁྱིམ་ཚང 8ལ་འཚམས་འདྲིའི་དངུལ་སྒོར 500རེ་བྱིན།།