本版导航 各版导航 视觉导航 标题导航 以往报纸

མདོར་

གསར་ འགྱུར་ བསྡུས།

藏文报 新闻    时间:2016年10月22日    来源:藏文报

      ཉེ་ཆར། གཙོས་གྲོང་ཁྱེར་བཟོ་ཚོང་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ཁུལ་བཟོ་ཚོང་ཅུས་དང་མཉམ་འབྲེལ་བྱས་ནས། “དཔང་ཡིག་ལྔ་གཅིག་གྱུར་དང་ལག་ཁྱེར་གཅིག་དང་ཚབ་རྟགས་གཅིག”གི་ཚོང་གཉེར་ལག་ཁྱེར་ཐོག་མར་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ།
    “དཔང་ཡིག་ལྔ་གཅིག་གྱུར་དང་ལག་ཁྱེར་གཅིག་དང་ཚབ་རྟགས་གཅིག”ཅེས་པའི་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་བྱེད་པ་དེ་ནི་སྔར་ལས་ལྷག་པར་དུ་ལས་ཁུངས་ཁུ་སྡུད་དང་དབང་ཆ་གཤམ་སྤྲོད། སྲིད་གཞུང་གི་ནུས་པ་བསྒྱུར་བཀོད། ཚོང་རའི་གསོན་ཤུགས་འཕེལ་བ། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གཙོ་བོ་ཞིག་ཡིན།།
     ཟླ 10བའི་ཚེས 14ཉིན་ནི་རང་རྒྱལ་གྱི་འཛམ་གླིང་ཚད་ལྡན་ཉིན་མོ་ཡིན་ལ། ཁུལ་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་གཙོས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་དང་མཉམ་འབྲེལ་བྱས་ནས་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་དྲིལ་བསྒྲགས་བྱ་འགུལ་སྤེལ།
    ད་ལོའི་འཛམ་གླིང་ཚད་ལྡན་ཉིན་མོའི་བརྗོད་བྱ་ནི“ཚད་ལྡན་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ནས། འཛམ་གླིང་ཕན་ཚུན་སྦྲེལ་བ་དང་ཕན་ཚུན་མཐུད་པར་བྱེད་པ”དེ་ཡིན།།