本版导航 各版导航 视觉导航 标题导航 以往报纸

གཙོས་གྲོང་ཁྱེར་ཐོད་ཆིངས་སྲང་ལམ་དོན་གཅོད་ཁང་ གིས་མང་ཚོགས་ལ་རྡོ་སོལ་འགྲེམ་གཏོང་བྱས་པ།

藏文报 新闻    时间:2016年10月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) བུད་ཤིང་གིས་མེ་ཁ་གསོ་བ་ལས་མཁའ་དབུགས་འབག་བཙོག་བཟོ་བ་ཇེ་ཆུང་གཏོང་བ་དང་དགུན་ཁའི་མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཧུར་བརྩོན་སྒོས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་སྔར་ལས་ལེགས་པའི་འཚོ་བའི་ཁོར་ཡུག་བསྐྲུན་ཆེད། ཉེ་ཆར། གཙོས་གྲོང་ཁྱེར་ཐོད་ཆིངས་སྲང་ལམ་དོན་གཅོད་ཁང་གིས་ཁོངས་གཏོགས་ས་ཁུལ་གྱི་རྡོ་སོལ་གྱི་ཐབ་ཀ་བཀོལ་བའི་སྡོད་དམངས་དང་སྲང་ལམ་གྱི་ཚོང་ཁང་ལ་རིན་མི་དགོས་པར་ཁོར་ཡུག་སྲུང་སྐྱོབ་རང་བཞིན་གྱི་མེ་ཁ་གསོ་བྱེད་ཀྱི་རྡོ་སོལ་འགྲེམ་གཏོང་བྱས།
    ཁོར་ཡུག་སྲུང་སྐྱོབ་བྱ་ཐུབ་པའི་རྡོ་སོལ་དེ་མེ་ཆའམ་འབར་ཞུན་བཀོལ་ནས་སྤར་ཐུབ། རྡོ་སོལ་འདི་བཀོལ་སྤྱོད་བྱས་ན་ནུས་པ་ཡོད་པའི་སྒོ་ནས་རྡོ་སོལ་གྱི་ཐབ་ཀ་ཆུང་ཆུང་ནང་མེ་བཞག་པ་ལས་ཁོར་ཡུག་འབག་བཙོག་བཟོ་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད་ཚད་མཐོན་པོའི་སྒོ་ནས་སྡོད་དམངས་ཀྱི་འཚོ་བར་དྲོད་ཁོལ་བསྐྱལ། ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་རང་བཞིན་གྱི་མེ་ཁ་གསོ་བྱེད་ཀྱི་རྡོ་སོལ་བསྡོམས་པས་ཤོག་སྒམ 300 ལྷག་འགྲེམ་གཏོང་བྱས། འགྲེམ་གཏོང་གི་བྱ་འགུལ་བརྒྱུད་ནས་སྡོད་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་བཏང་བ་མ་ཟད། ཚད་མཐོན་པོའི་སྒོ་ནས་དགུན་ཁར་སྡོད་དམངས་ཁུལ་གྱི་ཁོར་ཡུག་ལེགས་བསྒྱུར་ཐད་ནུས་པ་ཆེན་པོ་ཐོན།།    
   (དངོས་སྦྱོང་སློབ་མ་འཕགས་པ་འཚོས་བསྒྱུར།)