གླུ་ཚིག
བོད་ པའི་ བླ་ རི།
ཀོང་མེ་བཙའ། [ཅོ་ནེ]
藏文报
作者:
新闻 时间:2016年10月22日 来源:藏文报
གངས་ལྷུན་པོ་ཡག་གི་རྩེ་མོ་ན།།
གཉན་ཆེན་པོ་ཨ་མྱེ་རྨ་ཆེན་ཡོད།།
རང་མི་རིགས་སྐྱོང་བའི་གཉན་པོ་འདི།།
ངེད་བོད་པ་ཚང་གི་བླ་རི་ཡིན།།
རི་ལུང་བ་གཡས་སུ་འཁྱིལ་ས་ན།།
དགོན་ཆེན་པོ་བཀྲ་ཤིས་འཁྱིལ་བ་ཡོད།།
ཆོས་མདོ་སྔགས་དར་བའི་ཞིང་ས་འདི།།
ངེད་བོད་པ་ཚང་གི་སྐྱབས་གནས་ཡིན།།
གནམ་སྔོན་པོ་ས་ལ་ཤོང་ས་ན།།
མཚོ་ཆེན་པོ་ཁྲི་ཤོར་རྒྱལ་མོ་ཡོད།།
རྒྱུ་ནོམ་པའི་གཏེར་ཁ་བརྡོལ་ས་འདི།།
ངེད་བོད་པ་ཚང་གི་བསོད་ནམས་ཡིན།།