ཞི་ཅིན་ཕིན་གྱིས་པེ་ཅིན་ནས་
མོང་གོལ་མི་དམངས་ཏང་
གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་
ཁང་གི་ཀྲུའུ་ཞི་ཨུན་ཧི་པོ་ལེ་
ཏི་ལ་མཇལ་འཕྲད་གནང་བ།
藏文报
作者:
新闻 时间:2016年10月22日 来源:藏文报
ཟླ 10བའི་ཚེས 18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་པེ་ཅིན་ནས2016ལོའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད་ཀྲུང་གོར་འཚམས་འདྲིར་ཡོང་བའི་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨུན་ཧི་པོ་ལེ་ཏི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིན་གྱིས་ཨུན་ཧི་པོ་ལེ་ཏི་གྲོས་དཔོན་ལ་བདམས་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་བྱས། ཁོང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རང་རང་གི་ཕྱི་ཕྱོགས་འབྲེལ་བའི་གོ་གནས་གལ་ཆེན་འཇོག་བཞིན་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལག་བསྟར་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པ་མ་ཟད་ས་གནས་ཀྱི་ཞི་བདེ་དང་གཏན་འཇགས་ཐད་ལ་ནུས་པ་ཆེན་པོ་བཏོན།
ཨུན་ཧི་པོ་ལེ་ཏི་ཡིས་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པར་གཟེངས་བསྟོད་བྱེད་པ་མ་ཟད་དེས་མོང་གོལ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ས་གནས་ཀྱི་ཞི་བདེ་དང་གཏན་འཇགས་འགན་སྲུང་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་ས་གནས་ཀྱི་འཕེལ་རྒྱས་མཉམ་ལས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ།།