ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་
སོགས་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་གྲོས་ཚོགས་བསྡུས་པ།
藏文报
作者:
新闻 时间:2016年10月22日 来源:藏文报
ཟླ 10བའི་ཚེས 18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་གྲོས་ཚོགས་བསྡུས་ནས། ཤར་བྱང་ས་ཁུལ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གྲོས་ཚོགས་སུ་ཞུགས།
ཚོགས་ཐོག་ནས་སྐོར་གསར་བའི་ཤར་བྱང་ས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཤར་བྱང་ས་ཁུལ་གྱི་དཔལ་འབྱོར་དང་ཁེ་ལས་བརྟན་ཞིང་བཟང་བའི་སྒོ་ནས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་བསམ་འཆར་དང་། ཤར་བྱང་ས་ཁུལ་དར་རྒྱས་སུ་གཏོང་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལི་ཁི་ཆང་གིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤར་བྱང་སོགས་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་དེའི་ཐད་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་སུ་གཏོང་བ་ནི་ལས་འགན་དང་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་བྱེད་པར་བརྟེན་ནས་ཤར་བྱང་ས་ཁུལ་དར་རྒྱས་སུ་གཏོང་བའི་ལོ་རྒྱུས་གསར་བ་བསྐྲུན་དགོས།
ལི་ཁེ་ཆང་གིས་ནན་གྱིས་གསུངས་རྒྱུར། གསར་གཏོད་ཡར་སྐུལ་འཕེལ་རྒྱས་ལ་རྐང་ཚུགས་ཏེ། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གསར་བ་ཧུར་ཐག་སྒོས་སྐྱེད་སྲིང་བྱ་དགོས། 2025ལོའི་ཀྲུང་གོ་བཟོ་སྐྲུན་ལག་བསྟར་བྱས་ནས། ཤར་བྱང་སྒྲིག་ཆས་ཀྱི་འགྲན་རྩོད་སྟོབས་ཤུགས་གསར་བ་ཇེ་ཆེར་གཏོང་དགོས། ཁྱད་སྟོབས་འདོན་སྤེལ་བྱས་ནས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། ཨེ་ཤ་ཡ་ཤར་བྱང་ས་ཁུལ་ལ་ཁ་ཕྱོགས་པའི་སྒོ་འབྱེད་སྟེགས་བུ་འཛུགས་སྐྲུན་བྱས་ནས། སྒྲིག་ཆས་གལ་ཆེན་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
ལི་ཁེ་ཆང་གིས་གསུངས་རྒྱུར། ལས་ཁུངས་སོ་སོས་ཤར་བྱང་ས་ཁུལ་གྱི་དགོས་མཁོ་ལྟར་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཤར་ལྷོ་མཚོ་རྒྱུད་ས་ཁུལ་དང་ཤར་བྱང་ས་ཁུལ་བར་གྱི་ཁ་གཏད་མཉམ་ལས་ལམ་ལུགས་བཙུགས་ཏེ། ཤར་བྱང་ས་ཁུལ་གྱི་ཞིང་ཆེན་དང་ས་ཁུལ་སོ་སོའི་འགན་འཁྲི་གཙོ་བོ་ཇེ་ཆེར་གཏོང་དགོས་པ་མ་ཟད། རང་རྟོགས་སྒོས་བྱ་བ་སྒྲུབ་པ་དང་དཀའ་སྤྱད་འབད་འཐབ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱ་དགོས།
ལིའུ་ཡན་ཏུང་དང་ཝང་ཡང་། དབྱང་ཅིན། ཝང་ཡུན་བཅས་གྲོས་ཚོགས་སུ་ཞུགས།།