ལྷ་གྲུ་ཨང་བཅུ་གཅིག་པའི་ནང་གི་འཇིག་རྟེན་འཕུར་སྐྱོད་པ་གཉིས་བདེ་བླག་ངང་སུམ་རྩེན་ཨང་གཉིས་པའི་བར་སྣང་ཉམས་ཞིབ་ཁང་དུ་འབྱོར་བ།
藏文报
作者:
新闻 时间:2016年10月22日 来源:藏文报
ཟླ 10བའི་ཚེས 19ཉིན་གྱི་ཆུ་ཚོད 6དང་སྐར་མ 32ཐོག ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་དང་སུམ་རྩེན་ཨང་གཉིས་པ་གཉིས་བདེ་བླག་ངང་རང་འགུལ་སྣོལ་འདུ་སྦྲེལ་མཐུད་ལེགས་གྲུབ་བྱུང་རྗེས། འཇིག་རྟེན་འཕུར་སྐྱོད་པ་ཅིན་ཧའེ་ཕེང་དང་ཁྲེན་ཏོང་ཞན་གཉིས་སྔ་གཞུག་ཏུ་སུམ་རྩེན་ཨང་གཉིས་པའི་བར་སྣང་ཉམས་ཞིབ་ཁང་དུ་འཛུལ་ཐུབ་པ་བྱུང་བ་རེད།
སའི་གོ་ལའི་ཐོག་གི་ཀྲུང་གོའི་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ལ་སྙན་ཞུ་འབྲེལ་མཐུད་ལེགས་འགྲུབ་བྱུང་རྗེས། འཕུར་སྐྱོད་པ་གཉིས་ཀྱིས་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བཀའ་རྒྱ་དང་བསྟུན་ཏེ་ལུས་ཀྱི་འཆིང་ཐག་གྲོལ་བ་དང་། རིམ་པར་བཞུགས་སྟེགས་ནས་ཡར་ལངས་པ། བསྟུད་མར་ཕྱིར་ལོག་འཕུར་གྲུའི་དོ་མཉམ་ཚོད་འཛིན་དང་ཕྱིར་ལོག་འཕུར་གྲུའི་སྒོ་ཕྱེ་བ། འཁོར་ལམ་སྡོད་ཁང་དུ་འཛུལ་བ་རེད། དེ་ནས་འཁོར་ལམ་སྡོད་ཁང་ནས་གྲུ་ནང་གནོན་ཤུགས་ལྭ་བ་ཕུད་ནས་སྔོ་མདོག་ཅན་གྱི་ལས་ཀའི་ལྭ་བར་བརྗེས་པ་རེད།
གྲྭ་སྒྲིག་གི་ལས་དོན་ཁག་གྲུབ་རྗེས། ཅིན་ཧའེ་ཕེང་གིས་སུམ་རྩེན་ཨང་གཉིས་པའི་བར་སྣང་ཉམས་ཞིབ་ཁང་གི་སྒོ་ཕྱེ་བ་དང་། དེ་ནས་ཁོང་གཉིས་སྔ་གཞུག་ཏུ་སུམ་རྩེན་ཨང་གཉིས་པའི་བར་སྣང་ཉམས་ཞིབ་གྲུ་ཁང་དུ་ཕྱིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཁོང་གཉིས་ཀྱིས་ཉམས་ཞིབ་གྲུ་ཁང་ནས་འཆར་གཞི་ལྟར་བར་སྣང་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཚོད་ལྟ་སྤེལ་རྒྱུ་རེད།།