本版导航 各版导航 视觉导航 标题导航 以往报纸

ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས་པ།

ཡུས་ཁྲིན་ཧུའེ་ཁུལ་ཨུའི་ཧྲུའུ་ཅིར་བདམས་པ་དང་། ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཝང་ཡུང་གསུམ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བདམས་པ།

藏文报 新闻    时间:2016年11月09日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 11པའི་ཚེས 4ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོས་སུ་ཚོགས།
    སྐབས་བཅུ་གཉིས་པའི་ཁུལ་ཨུའི་ཨུ་ཡོན 46དང་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན 9ཚོགས་འདུར་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་ཚོགས་ཆེན་གྱི་གཙོ་འགན་ཁུར།
    ཚོགས་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་དང་།  ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རྒྱུན་ཨུ་དང་ཧྲུའུ་ཅི།  ཧྲུའུ་ཅི་གཞོན་པ་འདེམས་བསྐོ་བྱས།  ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་འདེམས་བསྐོའི་མཇུག་འབྲས་ཀྱི་སྙན་ཞུར་གྲོས་འཆམ་བྱུང་།
    ཚོགས་ཆེན་གྱིས་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ཀྱིས་ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། ཝང་ཡུང་། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན་བཅས་བློ་མཐུན 12ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་འདེམས་བསྐོ་བྱས། ཡུས་ཁྲིན་ཧུའེ་ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་པ་དང་། ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཝང་ཡུང་གསུམ་ཧྲུའུ་ཅི་གཞོན་པར་བདམས།
    ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་མཚོན་རྟགས་བྱས་ཏེ། རང་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུའི་སྐབས་བརྗེ་བྱ་བ་ཕྱོགས་ཡོངས་ནས་གྲུབ། ཞིང་ཆེན་ཏང་ཨུའི་མི་སྣ་བཀོད་སྒྲིག་བྱེད་པའི་བསམ་འཆར་ལྟར། སྐབས་སྔོན་པའི་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་ཁྲོད་ཀྱི་བློ་མཐུན་ཁག་ཅིག་གིས་བྱ་བའི་དགོས་དབང་གིས་སྐབས་འདིའི་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ལས་འགན་མི་ཁུར་བ་དང་། བློ་མཐུན་འདི་དག་གིས་ལས་འགན་ཁུར་ཡུན་དུ་ཀན་ལྷོའི་བཅོས་སྒྱུར་གོང་འཕེལ་དང་གཏན་འཇགས་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཁོ་ཚོའི་ཅུང་བཟང་བའི་ཆབ་སྲིད་ཀྱི་སྤྱོད་ཚུལ་དང་ཉམས་སད་ཐེག་ཐུབ་པའི་བྱ་བའི་སྤྱོད་ཚུལ་གྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཅིང་མིག་དཔེ་ལྟ་སར་གྱུར་ཡོད་པས། ལས་ལ་བརྩོན་ཞིང་གཤིས་རྒྱུད་བཟང་བའི་ཀན་ལྷོ་མི་དམངས་ཀྱིས་ཇི་སྲིད་བར་བརྗེད་མི་སྲིད་ཅེས་བསྟན། (པར་ངོས 2པར་གཟིགས།)