ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།
藏文报
作者:
新闻 时间:2016年11月09日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 4ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
ཧའོ་ཅུའེ་རྨིན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
གྲོས་ཚོགས་ལ་ཞུགས་འོས་པའི་མི་སྣ 29ཡོད་པ་ལས་མི་སྣ 27དངོས་སུ་ཞུགས་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།
གྲོས་ཚོགས་ཀྱིས་ཁུལ་གྱི་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོའི་བྱ་ཐབས་གྲོས་འཆམ་བྱུང་བ་དང་། རང་མིང་མི་འགོད་པའི་འདེམ་ཤོག་འཕེན་ཐབས་ཀྱིས་སྐབས་བཅུ་གཉིས་པའི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས། ཧའོ་ཅུའེ་རྨིན་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བདམས་པ་དང་། ཀྲང་ཀྲིན་དབྱི་དང་ཧོའུ་ཞི་ཀུའེ། ཚེ་རིང་དོན་གྲུབ་གསུམ་ཁུལ་གྱི་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པར་བདམས་ཤིང་། ཧའོ་ཅུའེ་རྨིན་སོགས་བློ་མཐུན 9ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་སུ་བདམས།
ཧའོ་ཅུའེ་རྨིན་གྱིས་ཞིང་ཆེན་སྒྲིག་ཨུ་དང་ཁུལ་ཨུའི་ཡང་དག་པའི་སྣེ་ཁྲིད་འོག་སྐབས་གསར་བའི་ཁུལ་སྒྲིག་ཨུའི་ཚན་ཁག་དང་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་དང་མཐུན་སྒྲིལ་རོགས་རེས། བྱ་བ་ལེགས་སྒྲུབ། རྣམ་འགྱུར་ལེགས་ཤིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ། ནུས་ལྡན་གྱི་བྱ་ཐབས་བཅས་ཀྱིས་ཏང་གི་སྲིད་གཙང་ལམ་ལུགས་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་གྱི་རྣམ་པ་གསར་བས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་འཆམ་མཐུན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བཅས་ལ་བརྟེན་ནས་མཐུན་སྒྲིལ་འབད་བརྩོན་པ་དང་ཆོད་སེམས་དམ་བཅིངས། ཞུན་བརྡར་མདུན་སྐྱོད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་བྱས་ནས། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་རླབས་ཆེའི་དམིགས་འབེན་མངོན་འགྱུར་འབྱུང་བར་འབད་པ་བྱ་དགོས་ཞེས་བཤད།།
(དངོས་སྦྱོང་སློབ་མ་གནམ་ལྷ་རྒྱལ་གྱིས་བསྒྱུར།)