本版导航 各版导航 视觉导航 标题导航 以往报纸

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ།

ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་རང་ངོས་འཛུགས་སྐྲུན་གྱི་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

藏文报 新闻    时间:2016年11月09日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 11པའི་ཚེས 4ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་བའི་རྒྱུན་ཨུའི་བྱ་བ་ལས་བགོས་བྱས།
    ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཝང་ཡུང་། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཨུའི་ཚན་ཁག་དང་ལྷག་པར་དུ་རྒྱུན་ཨུའི་ཚན་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་ནི་ཁུལ་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོའི་སྲོག་ཤིང་ལྟ་བུའི་འགོ་ཁྲིད་ཀྱི་ནུས་པ་མཐུན་སྦྱོར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དམིགས་འབེན་ལས་འགན་སོ་སོ་མངོན་འགྱུར་འབྱུང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན། སྐབས་གསར་བའི་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་ངེས་པར་དུ་རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་བརྩེ་བ་ཟབ་མོ་ལྡབ་འགྱུར་གྱིས་གཅེས་འཛིན་བྱས་ཏེ། ཏང་གི་བྱ་གཞག་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ཀན་ལྷོའི་འབྱུང་འགྱུར་གྱི་འཕེལ་རྒྱས་བཅས་ལ་ཚད་མཐོན་པོའི་ངང་འགན་འཁུར་བའི་སྙིང་སྟོབས་དང་། རང་ཁུར་ལས་འགན་ལ་ངོ་མི་གནོང་ཞིང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་དངོས་གནས་སྐབས་གསར་བའི་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་གསར་གཏོད་གསར་སྐྲུན་དང་མཐུན་སྒྲིལ་ཟབ་ལ་དོན་དངོས་སྒྲུབ་པ། དམངས་ཀྱི་ཆེད་དུ་སྲིད་དོན་སྐྱོང་བ། སྲིད་བརྩོན་སྤྱོད་གཙང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཐུན་མོང་དུ་འཛུགས་སྐྲུན་བྱེད་པ་དང་། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་པར་འབད་པ་བྱས་ཏེ། ཐུན་མོང་དུ་ཀན་ལྷོའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ་དང་ཡུན་རིང་བདེ་འགོད་ཀྱི་ལེའུ་གསར་བ་ཞིག་བརྩམ་དགོས་ཞེས་བསྟན།
    གྲོས་ཚོགས་ཀྱིས་སྐབས་གསར་བའི་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས“སྣེ་ཁྲིད་དྲུག”དེ་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞི་རྩའི་བླང་བྱར་བརྩི་བ་དང་ཁུལ་ཡོངས་ཀྱི་ཏང་ཡོན་དང་རྒྱ་ཆེའི་མང་ཚོགས་ལ་ཐུན་མོང་གི་ཁས་ལེན་བྱས་ཏེ།  སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཏང་ཨུས་མར་སྤྲད་པའི་གཟི་བརྗིད་ཀྱི་འོས་འགན་ལེགས་འགྲུབ་བཟང་བོ་བྱེད་པ་དང་།  ཕྲག་ཏུ་ཁུར་བའི་བླ་མེད་ཀྱི་ལས་འགན་ལག་བསྟར་བཟང་བོ་བྱས་ནས། སྔར་ལས་ལེགས་པའི་གྲུབ་འབྲས་ཀྱིས་རྩ་འཛུགས་དང་མི་དམངས་གྱི་དྲིན་ལན་འཇལ་དགོས་པ་སྟེ།  གཅིག་ཏུ་ཆབ་སྲིད་ལ་དོ་སྣང་བྱེད་པར་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པོས་བསམ་བློ་གཏོད་དགོས།  གཉིས་སུ་སློབ་སྦྱོང་ལ་མཐོང་ཆེན་བྱེད་པར་སྣེ་ཁྲིད་དེ་ནུས་རྩལ་སྦྱོང་བརྡར་གྱིས་ལས་དོན་བསྒྲུབ་དགོས།  གསུམ་དུ་ཏང་གཤིས་ལ་དོ་སྣང་བྱེད་པར་སྣེ་ཁྲིད་དེ་དགོངས་དོན་ལག་ལེན་གྱིས་དམངས་སེམས་འཐོབ་དགོས།  བཞི་རུ་འགན་འཁྲིར་སྣང་ཆེན་བྱེད་པར་སྣེ་ཁྲིད་དེ་ལས་འགན་རང་ཁུར་གྱིས་བྱ་བ་སྒྲུབ་ཕོད་དགོས།  ལྔ་རུ་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པར་སྣེ་ཁྲིད་དེ་མཛུབ་གུ་ལྔ་བཅངས་ནས་ཁུ་ཚུར་གྱི་ཚུལ་དུ་མཉམ་ཤུགས་ཆགས་དགོས། དྲུག་ཏུ་ལུགས་སྲོལ་ལ་སྣང་ཆེན་བྱེད་པར་སྣེ་ཁྲིད་དེ་སྒྲིག་ཁྲིམས་ནན་སྲུང་གིས་སྣང་བརྙན་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིས་ད་དུང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་དག་ལ་ཞིབ་འཇུག་བྱས།།