本版导航 各版导航 视觉导航 标题导航 以往报纸

གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བ།

藏文报 新闻    时间:2016年11月09日    来源:藏文报

    གཙོས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་བ་ཚོགས་པ་ནས་ལོ་ལྔའི་རིང་ལ། གཙོས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་གཏོད་མདུན་སྐྱོད་དང་བྱ་བ་དངོས་འཛིན་བྱས་ཏེ། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ། ཕྱོགས་བསྡུས་ཀྱི་དཔལ་འབྱོར་མཐོར་འདེགས་ཡོང་བ་དང་མཁར་གྲོང་གི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཞིང་། བཅོས་སྒྱུར་གྱི་གསོན་ཤུགས་མུ་མཐུད་དུ་ཇེ་དྲག་སོང་།
     དཔལ་འབྱོར་གོང་འཕེལ་ཐད་མཆོང་སྐྱོད་གསར་བ་མངོན་འགྱུར་བྱུང་བ།
    གྲངས་ཀ་རེ་རེ་ཡིས་གཙོས་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བ་བྱས་ཏེ། ཤུགས་ཡོད་ཚད་ཀྱིས་རྫོང་མངའ་ཁོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར། བདེ་ཐང་ངང་གོང་འཕེལ་ཡོང་བ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་བཏང་བའི་གྲུབ་འབྲས་མཚོན།
    2015ལོར། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར 33.4ལ་བསླེབས་ཏེ། 2010ལོའི་ལྡབ 2.1ཡིན་པ་དང་ལོ་རེར་ཆ་སྙོམས་བྱས་ན 11% འཕར། གཏན་འཇགས་རྒྱུ་ནོར་གྱི་གཏོང་དངུལ་སྒོར་དུང་ཕྱུར 34.85ལ་བསླེབས་ཏེ། 2010ལོའི་ལྡབ 1.95ཡིན་པ་དང་ལོ་རེར་ཆ་སྙོམས་བྱས་ན 11.8% འཕར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱིས་བཀོད་སྤྱོད་བྱ་ཆོག་པའི་ཡོང་སྒོ་སྒོར 6116ལ་བསླེབས་ཏེ།   (པར་ངོས 2པར་གཟིགས།)