ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱུང་མིའི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་མིའི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱུང་མིའི་མིང་ཐོ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་མིའི་མིང་ཐོ། གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་ གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས་པ། 图片14 དུས་རྒྱུན་དུ་བདེ་ཐང་ཅན་གྱི་སྐོམ་ཆུའི་རིགས་གདམ་དགོས།
本版导航 各版导航 视觉导航 标题导航 以往报纸

ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་ གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས་པ།

藏文报 新闻    时间:2016年11月09日    来源:藏文报

    (པར་ངོས 1པར་མཐུད་རྒྱུ།)ཡུས་ཁྲིན་ཧུའེ་ཡིས་སྐབས་གསར་བའི་ཁུལ་ཨུའི་ཚན་ཁག་འདི་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་འགོ་རྩོམ་པའི་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དུས་སྐབས་སུ་འདེམས་ཐོན་བྱུང་བ་དང་།  མགྱོགས་མྱུར་དུ་ཡུན་རིང་གོང་འཕེལ་མངོན་འགྱུར་བྱུང་བ་དང་ཡུན་རིང་བདེ་འགོད་ཡོང་བའི་དུས་རིམ་གཙོ་བོའི་སྐབས་སུ་ལས་འགན་དང་ལེན་དང་བྱེད་པ་ཡིན།  དེང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་བའི་དམིགས་འབེན་བཙུགས་ཡོད་པ་དང་།  “སྐྱེ་ཁམས་ཆེན་པོ་ལྔའི”གཙོ་རྒོལ་བྱེད་ཕྱོགས་དང“1244”བརྩོན་པའི་དམིགས་འབེན་མངོན་གསལ་བྱས་ཡོད་པ་དང་། གཏན་ཁེལ་བྱེད་པའི་བཅོས་སྒྱུར་གོང་འཕེལ་དང་གཏན་འཇགས་ཀྱི་ལས་འགན་འགྲུབ་དགོས་ན་གཙོ་བོར་དོན་འཁྱོལ་མཐར་ཕྱིན་ལེགས་འཛིན་བྱ་དགོས་པ་དང་།  འགོ་ཁྲིད་ཚན་ཁག་གི་རང་ཉིད་འཛུགས་སྐྲུན་རྩ་བ་ནས་ཇེ་དྲག་ཏུ་གཏོང་དགོས།  ཁུལ་ཡོངས་ཀྱི་འགོ་ཁྲིད་ལྟེ་གནས་ཡིན་པའི་སྐབས་གསར་བའི་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཆེན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས།  ཤུགས་ཡོད་ཚད་ཀྱིས་དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན།  ལས་གནས་འགན་ནུས་ཀྱི་བྱས་རྗེས་ལ་ངོ་གནོང་མི་དགོས་པ་གསར་གཏོད་བྱས་ཏེ།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཚིམ་པའི་བྱས་རྗེས་ཤིག་བརྩོན་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་ཕྱོགས་སུ་ཚང་མས་ངེས་པར་དུ་སྒྲིག་ཁྲིམས་འདུ་ཤེས་དང་སྤྱོད་གཙང་རང་གཅུན་ཇེ་དྲག་གཏོང་དགོས་ལ། གནད་དོན་གལ་ཆེན་དུ་དྲན་པ་སླར་གསོ་བྱ་དགོས་པ་མ་ཟད། ད་དུང་གནད་དོན་ཞིབ་ཕྲའི་ཕྱོགས་སུའང་རང་རྟོགས་ཀྱིས་སྒྲིག་ཁྲིམས་བརྩི་སྲུང་བྱ་དགོས། དེ་བས་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་གོང་བུར་འགྲིལ་ཤུགས་ཀྱིས་བྱས་རྗེས་བཞག་སྟེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་གཏན་ཁེལ་བྱེད་པའི་དམིགས་འབེན་ལས་འགན་མགྱོགས་མྱུར་གྱིས་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་དགོས་པའི་བླང་བྱ་བཏོན།།