མེས་རྒྱལ་ང་ཡི་སེམས་ཁོང་ན་ཡོད།
藏文报
作者:
新闻 时间:2016年11月09日 来源:藏文报
ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་གསུངས་པ་ལྟར་ན། འདས་ཟིན་པའི་ལོ་ཟླ་ཀྱག་ཀྱོག་གི་ཁྲོད་ནས། མ་ཡུམ་མེས་རྒྱལ་ཁྱེད་ཀྱིས་དཔའ་ངར་ཞུམ་མེད་ཀྱི་ལག་ཟུང་མཐོ་རུ་བཏེགས་ནས་རང་ཁྲག་དྲོན་མོ་ས་ལ་གཏོར་བཞིན་ཕྱིའི་བཙན་རྒྱལ་རིང་ལུགས་མ་ལུས་རྨེག་མེད་དུ་བཅོམ་ནས། 1949 ལོའི་ཟླ 10 ཚེས 1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་སོང་ཟེར་བའི་གཏམ་རྒྱུད་རླབས་པོ་ཆེ་དེ་ཁོ་མོས་གོ་ཐེངས་རེ་རེར། བདག་ལ་བཤད་མི་ཤེས་པའི་ང་རྒྱལ་དང་གཟི་བརྗིད་ཀྱི་སྣང་བས་ཀུན་ནས་ཁྱབ་སྟེ་སེམས་པ་དགའ་ལྷང་ལྷང་དུ་གྱུར་འགྲོ།
མ་ཡུམ་མེས་རྒྱལ་གྱི་རུམ་ཁུག་དྲོན་མོ་ནས་འཚར་ལོངས་བྱུང་བའི་མི་རིགས་ང་དྲུག་སྟེ་གཅེས་སུ་འོས་པའི་བུ་དང་བུ་མོ་དང་འདྲ་བར། མ་ཡུམ་མེས་རྒྱལ་ཁྱེད་ཀྱི་རིས་མེད་ཀྱི་བྱམས་བརྩེའི་ཉི་ཟེར་འོག་ནས། མཐུན་སྒྲིལ་མཛའ་མཐུན་དང་། སྟོབས་ཤུགས་མཉམ་སྒྲིལ། དཀའ་ལས་མཉམ་སྤྱོད་ཀྱི་སྒོ་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་ལས་ལ་བརྩོན་བཞིན་ཡོད་སྟབས། ད་ལྟ་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་སྲིད་འབྱོར་རིག་གསུམ་གྱི་འདབ་ལག་རྒྱས་ཤིང་། ལྷག་པར་དུ་སློབ་གསོའི་ཚལ་ན་ཤེས་བྱའི་བཅུད་བཟང་ལེན་པའི་སྐལ་ལྡན་སློབ་བུ་མང་བོས་རིག་གནས་ཀྱི་ཐང་ཆེན་ནས་ཕུགས་བསམ་གྱི་ལམ་ལ་གོམ་ཁ་དང་བོ་བསྒྱུར་བཞིན་ཡོད་ལ། སློབ་བུ་དེ་དག་གིས་ཀྱང་མ་ཡུམ་མེས་རྒྱལ་ཁྱེད་ལ་དྲིན་ལན་འཇལ་ཆེད་དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད།
མ་ཡུམ་མེས་རྒྱལ་ལགས། ཁྱེད་ལ་གཞན་ལས་ལྷག་པའི་བྱམས་སེམས་དང་བརྩེ་བ་ལྡན་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རྣམས་དག་ཀྱང་ཁྱེད་ཀྱི་ཕང་བར་མ་བོས་མགྲོན་ལ་སླེབས་འདུག་གོ།
ཅོ་ནེ་རྫོང་ཉིན་པ་སློབ་ཆུང་། དྲུག་གཉིས་འཛིན་གྲྭ། བསོད་ནམས་སྒྲོལ་དཀར། མཛུབ་སྟོན་དགེ་རྒན། པད་མ་ཚེ་རིང་།