本版导航 各版导航 视觉导航 标题导航 以往报纸

མེས་རྒྱལ་ང་ཡི་སེམས་ཁོང་ན་ཡོད།

藏文报 新闻    时间:2016年11月09日    来源:藏文报

    མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རང་ཅག་གི་གཟི་བརྗིད་ལྡན་པའི་མེས་རྒྱལ་ཏེ།  ང་དང་དུས་གཏན་དུ་དྲང་ཐིག་གཅིག་གི་སྟེང་དུ་ཐིག་ཤིང་བཀོད་པ་ལྟར་གནས་ཡོད་པ་དང་མཚུངས་ལ།  དེའི་རྐྱེན་གྱིས་མེས་རྒྱལ་གྱི་ཁྲིམས་མཐུན་རྩ་ཁྲིམས་དང་འདྲ་མཉམ།  དྲང་བཞག་སོགས་འཆམ་མཐུན་གྱི་དྲིལ་བསྒྲགས་ལ་བརྩི་མཐོང་དང་བདེན་ལུགས་དང་ཡིད་ཆེས་བརྟན་པོའི་སྒོ་ནས་དེ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་མཛད་དགོས།
    དེ་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ང་ཚོའི་མེས་རྒྱལ་གྱི་ཆེས་མཐོང་ཆེན་དང་གཙིགས་སུ་འཛིན་དགོས་པ་ནི།  མ་འོངས་པའི་མེས་རྒྱལ་གྱི་སྨྱུ་གུ་གསར་བའམ་གསར་སྐྱེས་ཀྱི་མེ་ཏོག་གི་ཚོམ་བུ་སྟེ་དེང་རབས་ཀྱི་ན་གཞོན་དེ་རེད།  ན་གཞོན་ལ་མ་འོངས་པའི་མདུན་ལམ་ཡག་པོ་རེ་སྟོན་རྒྱུ་ནི་རང་མེས་རྒྱལ་གྱི་རྩ་བའི་དམིགས་ཡུལ་དང་གལ་ཆེ་བའི་འདུན་ལམ་ཡང་རེད་སྙམ་ཡོད།  མེས་རྒྱལ་གྱིས་ན་གཞོན་ལ་བཅངས་པའི་རེ་ལྟོས་ནི། ན་གཞོན་གྱི་དུས་སྐབས་ནི་བློ་སྟོབས་དང་། གསར་གཏོད།  ཕུགས་བསམ་ཀྱིས་ཕྱུག་པའི་མི་ཚེའི་གོ་རིམ་ཞིག་ཡིན་ལ།  ན་གཞོན་གྱི་དུས་སྐབས་ནི་ལང་ཚོ་མེ་ལྟར་འབར་ཞིང་རིག་པ་གློག་ལྟར་མྱུར་བའི་དུས་སྐབས་ཤིག་ཀྱང་ཡིན།  ན་གཞོན་ནི་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ན་ཡང་ཞོགས་པ་གསར་བ་བསུ་བའི་སྐྱ་རེངས་ལྟ་བུ་ཡིན། རྒྱལ་ཁབ་གང་དང་གང་ཡིན་རུང་དེའི་མ་འོངས་པའི་འབྱུང་འགྱུར་གྱི་དར་རྒུད་དེ་ན་གཞོན་དག་ལ་རག་ལས་ཡོད་པས།  དེ་བས་ན་གཞོན་ནི་མེས་རྒྱལ་དང་མི་རིགས་གང་ལ་མཚོན་ན་ཡང་རེ་བའི་རྟེན་གཞི་ཉག་གཅིག་གོ།  མེས་རྒྱལ་གྱི་བསམ་བློའི་ཁ་ཕྱོགས་གིས་ང་ཚོའི་མ་འོངས་པའི་མི་ཚེ་ལ་ཁ་ཕྱོགས་བསྐྲུན་པ་དང་འཆར་གཞི་དང་ཐབས་ལམ་མང་བོ་ཡང་བཙལ་ཡོད།  མེས་རྒྱལ་གྱིས་བསྟན་དོན་མི་ཚེ་ནི་མ་གཞི་ནས་གདམ་ག་མང་བོའི་ཁྲོད་ནས་འཚོ་བ་བསྐྱལ་དགོས།  འུ་ཚོ་སྐྱེས་པ་ནས་འཆི་བའི་བར་དུ་ལམ་བུ་སྣ་མང་ངེས་བར་དུ་བརྒྱུད་དགོས་བ་དང་།  ལམ་བུ་སོ་སོ་ན་དཀའ་སྡུག་གི་དཀྱོགས་མཚམས་དང་བར་ཆད་ཡོད་པ་ཆོས་ཉིད་དང་།  དེ་བས་འུ་ཚོར་སྔ་མོ་ནས་ལམ་བུ་རེ་རེར་འཇུག་པའི་སྤོབས་སེམས་དང་།  གྲ་སྒྲིག་ཡིད་ཆེས་སྙིང་སྟོབས་ཡོད་དགོས།  ལོ་ཟླ་གཙང་བོ་བཞིན་བཞུད་ཟིན་པའི་ཤུལ་ནས་མེས་རྒྱལ་གྱི་འདས་མ་ད་གསུམ་གྱི་ལོ་ཟླའི་འཁོར་བསྐྱོད་ལ་ཕྱིར་འདང་རེ་བྱས་ན།  འུ་ཚོ་དེ་དུས་རབས་ཉེར་གཅིག་གི་མི་བུ་ལ་དེ་འདྲའི་མཛད་རྗེས་མེད་ན་ཡང་དེ་དར་རྒྱས་ཇེ་ལེགས་སུ་གཏོང་དགོས་པའི་སྙིང་སྟོབས་ངེས་པར་དུ་དགོས།  དེའི་རྐྱེན་གྱིས་ང་ཚོས་འཆམ་མཐུན་བརྩོན་ལེན་དང་།  དྲང་བདེན།  འགྲན་རྩོད་སོགས་ཀྱི་ཁྲིམས་དང་མཐུན་པའི་སྒོ་ནས་ཧུར་ཐག་འབད་འབོངས་བྱེད་དགོས།  ད་དུང་ཚན་རྩལ་གོང་མཐོར་འགྲོ་བཞིན་པའི་དུས་རབས་འདིའི་ནང་མེས་རྒྱལ་ནང་ཁུལ་གྱི་བྱ་གཞག་གོང་འཕེལ་འགྲོ་བར་སྐུལ་འདེད་དང་སྐད་གསང་མཐོན་པོས་མེས་རྒྱལ་ལ་བསྟོད་གླུ་འབུལ།།   ཅོ་ནེ་རྫོང་བོད་རིགས་སློབ་ཆུང་གི་སློབ་མ་མགོན་པོ་ཚེ་རིང་།  མཛུབ་སྟོན་དགེ་རྒན།  ཚེ་རིང་སྐྱིད།