མེས་རྒྱལ་ང་ཡི་སེམས་ཁོང་ན་ཡོད།
藏文报
作者:
新闻 时间:2016年11月09日 来源:藏文报
ང་ཚོའི་མེས་རྒྱལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་ལ། འུ་ཅག་གིས་མཐུན་སྒྲིལ་གསེར་གྱི་ཨ་ལོང་དམ་དུ་སྦྲེལ་ཏེ། མ་འོངས་པར་མེས་རྒྱལ་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་ཞུ།
ད་སྐབས་རང་རེའི་མེས་རྒྱལ་གྱི་མིའི་བསམ་བློ་དང་བཅའ་ཁྲིམས་སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་ངོའི་ཟླ་ལྟར་ཉིན་རེ་ནས་ཉིན་རེ་བཞིན་སྔོན་ཐོན་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད། སློབ་གྲོགས་ཚོ། ཁྱོད་ཚོས་ཤེས་བརྩོན་ཟུང་འབྲེལ་གྱིས་སློབ་ལ་བརྩོན་པ་བྱས་ཏེ། མེས་རྒྱལ་ལ་ཕན་ཐོགས་པའི་མི་ཞིག་བྱེད་འདོད་དམ། གལ་ཏེ་འདོད་ན་ང་དང་མཉམ་དུ་དཀའ་སྤྱད་སྡུག་རུས་ཀྱིས་འབད་བརྩོན་བྱེད་ཡ། བཤེས་གཉེན་དམ་པའི་མཛུབ་སྟོན་གྱི་འོག་ནས་ང་ཚོ་ཉིན་རེ་ནས་ཉིན་རེ་བཞིན་མེས་རྒྱལ་ལ་དགོས་མཁོ་ཆེ་བའི་མི་ཞིག་ཏུ་འགྱུར་བཞིན་མཆིས། སྐབས་འགར་ང་ཚོ་ནི་སྐྱེ་སྟོབས་འབར་བའི་ས་བོན་ཞིག་དང་འདྲ་བར་ས་ཞིང་གཤིན་པོའི་ཐོག་ཏུ་མ་ལྷུང་བར་རྫ་ཆག་རྡོ་ཆག་གི་གསེབ་ཏུ་ལྷུང་ན་ཡང་། སེམས་པ་གཏན་ནས་ཕམ་མི་ཉན་ལ། དངན་པ་ཡང་གཏན་ནས་འཐེན་མི་རུང་། རྒྱུ་མཚན་ང་ཚོས་མུ་མཐུད་དུ་བརྩོན་པ་བྱས་ཏེ་མ་འོངས་པར་མེས་རྒྱལ་ལ་རང་གི་ཡོད་ཚད་འབུལ་དགོས། ང་ཚོས་མེས་རྒྱལ་གྱིས་གནང་བའི་ད་ལྟའི་རྣམ་པ་གསར་བ་དེ་གཅེས་འཛིན་བྱས་ཏེ་མ་འོངས་པར་མེས་རྒྱལ་སྔར་ལས་སྟོབས་འབྱོར་ལྡན་ཞིང་། སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
མེས་རྒྱལ་ལགས། ཁྱེད་ནི་རྡོ་བརྐོས་རི་མོ་བཞིན་ངས་སྙིང་ཁོང་རུས་གསེང་ནས་ནམ་ཡང་བརྗེད་མི་སྲིད།།
ཅོ་ནེ་རྫོང་ཉིན་པ་སློབ་ཆུང་། དྲུག་གཉིས་འཛིན་གྲྭ། སྒྲོལ་དཀར་སྐྱིད། མཛུབ་སྟོན་དགེ་རྒན། སྒྲོལ་མ་འཚོ།