ལི་ཁེ་ཆང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་
ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དྲུག་པར་ཞུགས་པ་མ་ཟད་གསུང་བཤད་གནང་བ།
藏文报
作者:
新闻 时间:2016年11月09日 来源:藏文报
ཟླ 11པའི་ཚེས 5ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ལེ་ཅའི་ལཱ་ཐོ་ཝེ་ཡའི་མགྲོན་ཁང་དུ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དྲུག་པར་ཞུགས་པ་མ་ཟད་གསུང་བཤད་གནང་།
ལི་ཁེ་ཆང་གིས་གསུངས་རྒྱུར། ལོ་ལྔའི་རིང་ལ། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་བར་གྱི་མཉམ་ལས་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་རིན་ཡོད་པའི་རིན་ཐང་བྲལ་བའི་ཉམས་མྱོང་བསགས། གཅིག་ནས་འདྲ་མཉམ་གྲོས་མོལ་དང་ཕན་ཚུན་ལ་བརྩི་འཇོག་དང་རོགས་རམ་བྱ་དགོས། གཉིས་ནས་གཉིས་ཕན་རོགས་ལས་དང་མཉམ་ལས་མཉམ་རྒྱལ་བྱ་དགོས། གསུམ་ནས་སྒོ་འབྱེད་བཟོད་སྒོམ་དང་མཉམ་དུ་མདུན་སྐྱོད་བྱ་དགོས། བཞི་ནས་མཉམ་འབྲེལ་འཕེལ་རྒྱས་དང་མཉམ་སྐྲུན་མཉམ་སྤྱོད་བྱ་དགོས།
ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པའི་ཐད་ལ་གྲོས་གཞི་ལྔ་བཏོན། གཅིག ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་དགོས། གཉིས། མཉམ་འབྲེལ་མཉམ་གཏོང་མྱུར་དུ་ལག་བསྟར་བྱ་དགོས། གསུམ། ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི། དངུལ་ལོར་མཉམ་ལས་རྣམ་པ་གསར་གཏོད་བྱ་དགོས། ལྔ། གནས་སྐོར་མཉམ་ལས་སྦས་ཤུགས་སྔོག་འདོན་བྱ་དགོས་པ་བཅས་རེད།
ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོའི་ཚོང་རས་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཕྱིན་ཆད་ཀྱང་སྔར་ལས་སྒོ་འབྱེད་ངེས་ཡིན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཡོངས་ལ་བསྐྲུན་པའི་གོ་སྐབས་ཡིན་པ་དང་། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཚོང་གཉེར་གྱི་གོ་སྐབས་ཅིས་ཀྱང་བསྐྲུན་ངེས་ཡིན། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་སྒོ་འབྱེད་བཟོད་སྒོམ་དང་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས།
ལཱ་ཐོ་ཝེ་ཡའི་ཙུང་ལི་ཁུའུ་ཆིན་སི་ཅི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཕྱོགས་སུ་སྦས་ཤུགས་ཆེན་པོ་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་མ་འོངས་པའི་མཉམ་ལས་ཐད་ལ་ནུས་པ་ཆེན་པོ་འདོན་ངེས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འགྲིམ་འགྲུལ་དང་དངུལ་ལོར། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།།