རང་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་སྤེལ།
ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་དཔེ་དེབའགྲེམ་གཏོང་བྱས་པ།
ཡུས་ཁྲིན་ཧུའེ་ཡིས་མཛད་སྒོ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲའོ་ལིན་ཡུན་གྱིས་ཤིས་ཚིག་ཕུལ།
藏文报
作者:
新闻 时间:2017年06月10日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 5ཉིན་ལ། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས 46པ་ཐོན་པར་རང་ཁུལ་གྱིས “མཛེས་སྡུག་གི་རི་ཆུ་ནི་གསེར་དངུལ་གྱི་རི་བོ་དང་གཉིས་སུ་མ་མཆིས”ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་དང《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་དཔེ་དེབ》འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ།
ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོ་ཁུལ་གྱི 2017ལོའི “6.5” འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཤིས་ཚིག་ཕུལ།
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་དམངས་ཆེན་རྒྱུན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ་མཛད་སྒོར་ཞུགས།
ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་མཛད་སྒོའི་གཙོ་འགན་ཁུར།
མཛད་སྒོའི་སྟེང་། “6.5” ཡི་བརྗོད་བྱའི་དྲིལ་བསྒྲགས་བྱ་འགུལ་གྱི་གྲོས་གཞི་འདོན་ཡིག་སྒྲོག་འདོན་བྱས་པ་དང་། 《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་དཔེ་དེབ》འགྲེམ་གཏོང་བྱས་ཤིང་། ལས་བྱེད་པ་དང་སློབ་མ། རོང་འབྲོག་པའི་འཐུས་མིས་ཕན་ཚུན་བསམ་བློ་བརྗེ་རེས་བྱས།
ཐེངས་འདིའི་བྱ་འགུལ་གྱི་དོན་སྙིང་ནི་སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་དང་། སློབ་གསོ་ལ་ཤུགས་སྣོན་དང་ཧུར་བརྩོན་གྲོན་ཆུང་། ལྗང་མདོག་ཐཱན་ཉུང་། དཔལ་ཡོན་བདེ་ཐང་གི་འཚོ་བའི་རྣམ་པ་དང་མཛད་སྤྱོད་རྣམ་པ་དར་སྤེལ་དང་། སྤྱི་ཚོགས་ཀྱི་རིགས་སོ་སོ་སྐུལ་སློང་བྱས་ནས “མཛེས་སྡུག་གི་རི་ཆུ་ནི་གསེར་དངུལ་གྱི་རི་བོ་དང་གཉིས་སུ་མ་མཆིས”ཞེས་པའི་འདུ་ཤེས་བསྐྲུན་ཞིང་། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་འགྲིག་མཐུན། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ནས། ལྗང་མདོག་གི་འཚོ་བ་རང་འགུལ་གྱིས་རོལ་ཞིང་། ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་སྔར་ལས་ལྷག་པར་སྐུལ་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལས་ཐོབ་པའི་གྲུབ་འབྲས་འདུ་ཤེས་དང་མཛེས་སྡུག་གི་གཞིས་ཁྱིམ་བསྐྲུན་པའི་སྤོབས་སེམས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། ནམ་མཁའ་སྔོ་ལ་ས་གཞི་མཛེས་པ། ཆུ་བོ་དྭངས་ཤིང་བདེ་སྐྱིད་ལྡན་པ་དང་མཛེས་སྡུག་གི་ཀན་ལྷོ་གསར་བ་མངོན་འགྱུར་བྱེད་པར་ཧུར་ཐག་བྱ་དགོས་པ་དེ་ཡིན།
ཉིན་དེར། སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོས་ཤམ་བྷ་ལ་རིག་གནས་ཐང་ཆེན་དུ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱའི་སྒྲ་བརྙན་བཏང་ཞིང་། དྲིལ་བསྒྲགས་བརྡ་སྦྱོར་དང་ཁོར་ཡུག་སྲུང་སྐྱོང་གི་ལེགས་སྐྱེས། ཁོར་ཡུག་སྲུང་སྐྱོང་གི་ལག་ཁྱེར་ཁུག་མ་བཅས་འགྲེམ་གཏོང་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཕྲན་འཕྲིན་སོགས་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་གཙོས་གྲོང་ཁྱེར་གྱི་སྲང་ལམ་དང་སྡོད་ཁུལ་སོ་སོའི་ལས་བྱེད་པ་དང་མང་ཚོགས། སློབ་འབྲིང་སློབ་མ་བཅས་ཧུར་ཐག་གིས་བྱ་འགུལ་དུ་ཞུགས་ནས་འབྲེལ་ཡོད་ཀྱི་ཤེས་བྱ་རྒྱུས་ལོན་དང་བཅར་འདྲི་བྱས་ལ། དྲིལ་བསྒྲགས་ཡིག་ཆ་ཞིབ་ཚགས་སྒོས་ཀློག་འདོན་བྱས་ནས་བྱ་འགུལ་གྱི་ཡུལ་དངོས་སུ་འདུ་འཛིས་ཁེངས་སོ།།