རང་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་སྤེལ། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་དཔེ་དེབའགྲེམ་གཏོང་བྱས་པ། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་ ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ དགོངས་དོན་བརྒྱུད་བསྒྲགས་དང་སློབ་ སྦྱོང་བྱས་ཤིང་ཁོར་ཡུག་སྲུང་སྐྱོང་་་་ བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 图片4 གསར་ འགྱུར་ མདོར་ བསྡུས། རང་ཁུལ་གྱིས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ཆེད་དོན་འཆད་ཁྲིད་ཀྱི་བརྙན་འཕྲིན་གྲོས་ཚོགས་བསྡུས་པ།
本版导航 各版导航 视觉导航 标题导航 以往报纸

ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་ ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ དགོངས་དོན་བརྒྱུད་བསྒྲགས་དང་སློབ་ སྦྱོང་བྱས་ཤིང་ཁོར་ཡུག་སྲུང་སྐྱོང་་་་ བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

藏文报 新闻    时间:2017年06月10日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 5ཉིན་ལ། ཁུལ་ཨུས་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱིས་ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
    ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་ཝང་ཡུང་། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། དབྱང་ཞུང་། སུང་ཡིའུ་ཧུའོ། ཞི་ཆང་། ཧའོ་ཅུའེ་རྨིན། ཁྲིན་ཅང་ཧྥུན་བཅས་གྲོས་ཚོགས་སུ་ཞུགས་ཤིང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གྲོས་ཚོགས་སུ་ཟུར་ཞུགས་བྱས།
    གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲུང་དབྱང་གིས་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས 33སྟེང་གནང་བའི་གསུང་བཤད་ཀྱིས།  གྲངས་ཉུང་གནད་འགགགིས་བཅོས་སྒྱུར་ལག་བསྟར་བྱེད་པའི གནད་འགག་གི་ནུས་པདམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བ་སྐུལ་སྤེལ་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་དང་མངོན་འགྱུར་གྱི་དོན་སྙིང་དྲག་པོ་ལྡན་ལ། ཁུལ་ཡོངས་ཀྱིས་ཀན་ལྷོ་བོད་ཁུལ་གྱི་ཁྱད་རྟགས་གསར་བ་ནས་རྐང་ཚུགས་ཏེ་གཞོགས་སུ་མཁོ་འདོན་བྱེད་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ནུས་པ་འདོན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ནུས་པ་འཕར་སྣོན་སྐུལ་འདེད་གཏོང་བའི་སྟེང་བྱ་བ་བསྒྲུབས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས། དངོས་གནས་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱ་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིས་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས། ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་བྱ་བ་སོགས་ལ་ཞིབ་འཇུག་བྱས།།