རང་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་སྤེལ། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོའི་དཔེ་དེབའགྲེམ་གཏོང་བྱས་པ། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་ ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ དགོངས་དོན་བརྒྱུད་བསྒྲགས་དང་སློབ་ སྦྱོང་བྱས་ཤིང་ཁོར་ཡུག་སྲུང་སྐྱོང་་་་ བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 图片4 གསར་ འགྱུར་ མདོར་ བསྡུས། རང་ཁུལ་གྱིས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ཆེད་དོན་འཆད་ཁྲིད་ཀྱི་བརྙན་འཕྲིན་གྲོས་ཚོགས་བསྡུས་པ།
本版导航 各版导航 视觉导航 标题导航 以往报纸

གསར་ འགྱུར་ མདོར་ བསྡུས།

藏文报 新闻    时间:2017年06月10日    来源:藏文报

    ༄༅།། ཟླ 6པའི་ཚེས 6ཉིན་ལ། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་ཡིས་མཐོ་རྒྱུགས་ཀྱི་ལས་འགན་ཞིབ་བཤེར་བྱ་བར་ལྟ་ཞིབ་དང་མཛུབ་སྟོན་བྱས།
    ཧྥན་ཝུའུ་ཏེ་སྔ་གཞུག་ཏུ་གཙོས་སློབ་འབྲིང་དང་པོའི་རྒྱུགས་ལེན་ས་གནས་དང་ཀན་ལྷོ་ཁུལ་མཐོ་རྒྱུགས་བཀོད་འདོམས་ལྟེ་གནས་སུ་སོང་ནས། རྒྱུགས་རའི་ཁོར་ཡུག་དང་སྲུང་སྐྱོབ་བྱེད་ཐབས། གློག་རྡུལ་གྱི་ལྟ་ལྐུལ་ཚོད་འཛིན་དང་རིགས་མི་འདྲ་བའི་ཞབས་ཞུ་སྒྲིག་ཆས་བཅས་ལ་ལྟ་ཞིབ་ནན་མོ་བྱས།།
    ༄༅།། ཉེ་ལམ། ཨ་མ་ཚང་སྤྱི་ཕན་སྨན་བཅོས་རུ་ཁག་རང་ཁུལ་དུ་ཡོང་ནས་སྨན་བཅོས་དང་འཚམས་འདྲིའི་བྱ་འགུལ་སྤེལ་བ་དང་། ཁུལ་མི་དམངས་སྨན་ཁང་དུ “ཀན་ལྷོར་སྐྱོད་པ”ཡི་སྨན་བཅོས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་སྤེལ།།
    ༄༅།། ཉེ་ལམ། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ལོ་འཁོར 65ལོན་པ་དང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་བྱ་འགུལ་ལ་ཡུལ་དངོས་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཀན་ལྷོའི་གྲ་སྒྲིག་གྲོས་ཚོགས་གཙོས་སུ་ཚོགས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་གྲོས་ཚོགས་སུ་ཞུགས།།
    ༄༅།། ཉེ་ལམ། ཁུལ་རིག་གནས་རྒྱང་བསྒྲགས་གསར་འགྱུར་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་ཁུལ་རིག་གནས་བཤམས་སྟོན་ཁང་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་མཉམ་དུ་སྒྲུབ་འགན་ཁུར་བའི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་མཛེས་རྩལ་སྡེ་ཁག་གི་སྒྱུ་རྩལ་འཆར་འགོད་རིག་པའི་ཆེད་ལས་ཀྱི་མཐར་ཕྱིན་བརྩམས་ཆོས་བཤམས་སྟོན་བྱེད་སྒོ་གཙོས་གྲོང་ཁྱེར་རིག་གནས་བཤམས་སྟོན་ཚོམས་ཆེན་དུ་སྤེལ།
    ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིན་མཛད་སྒོར་ཞུགས།།