རང་ཁུལ་གྱིས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ཆེད་དོན་འཆད་ཁྲིད་ཀྱི་བརྙན་འཕྲིན་གྲོས་ཚོགས་བསྡུས་པ།
藏文报
作者:
新闻 时间:2017年06月10日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 6ཉིན་ལ། རང་ཁུལ་གྱིས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ཆེད་དོན་ཆེད་ཁྲིད་ཀྱི་བརྙན་འཕྲིན་གྲོས་ཚོགས་ཚོགས་ཏེ། གྲོས་ཚོགས་སུ་ཆིན་ཧྭ་སློབ་གྲྭ་ཆེན་མོའི་རིག་གནས་གསར་སྤེལ་གྱི་འཆར་གཞི་ཇུས་འགོད་ལྟེ་བའི་ཀྲུའུ་རེན་ནམ་རིག་གནས་ཐོན་ལས་ཀྱི་འཆར་གཞི་ཇུས་འགོད་སློབ་གླིང་གི་ཡོན་ཀྲང་སྟེ་དགེ་རྒན་ཆེན་མོ་ལི་ཅི་གདན་དྲངས་ནས “ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན”གྱི་ཆེད་དོན་འཆད་ཁྲིད་སྤེལ།
ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད།
ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། སུང་ཀྲན་ཝུན། ཧྥན་ཝུའུ་ཏེ། སུང་ཅན། ཞི་ཆང་། ཧའོ་ཅུའེ་རྨིན། ཁྲིན་ཅང་ཧྥུན། ཚེ་རིང་དོན་གྲུབ། ཕུའུ་ཁྲོན་ཧུང་། ཝང་ཡ་ནན། ཏུང་ཀྲིན་གོ ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་བཅས་གྲོས་ཚོགས་སུ་ཞུགས།
དགེ་རྒན་ཆེན་མོ་ལི་ཅི་ཡིས་འཆད་ཁྲིད་སྤེལ་སྐབས་སུ་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་གསོ་སྐྱོང་བྱེད་པར་རྩ་དོན་གསུམ་རྒྱུན་འཁྱོངས་བྱ་དགོས་ཏེ། གཅིག་ནི་འབུར་ཐོན་གྱི་ཁྱད་ཆོས་རྒྱུན་འཁྱོངས་བྱ་དགོས། གཉིས་ནི་ཚོང་རའི་གཙོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། གསུམ་ནི་བཅོས་སྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།
ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་ཡོན་ཀྲང་ལི་ཅི་ཡི་འཆད་ཁྲིད་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ཁྱད་ཆོས་གསར་བ་དང་ལྗང་མདོག་ཐཱན་ཉུང་། བྱེད་ནུས་འཐུས་ཚང་། ཁོར་ཡུག་མཛེས་སྡུག ཐོན་ལས་གཅིག་འདུས། སྒོ་འབྱེད་ཁོད་ཡངས། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་ཤུགས་ཆེན་གྱིས་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་ཁུར་བ་དང་། ཁེ་ལས་དང་སྤྱི་ཚོགས་ཚོགས་པ་སོགས་བསྡོམས་པས་མི 100ལྷག་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་པ་དང་། རྫོང་སོ་སོ་དང་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཙུགས།།